དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • དྲ་མིག་པའི་འགན་འཁྲི་ནན་དུ་བཏང་ནས་ཞབས་ཞུའི་གསོན་ཤུགས་གསར་པ་འཕེལ་བར་བྱེད་པ།

    ​ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་གྱིས་དྲ་མིག་པ་ལེགས་འདེམས་འགྲན་བསྡུར་གྱི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་གཙང་རལ་སྡེ་ཁུལ་གྱི་དྲ་མིག་པ་ལེགས་འདེམས་བྱ་ཡུལ་ཡིན་པ།

    ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་དྲ་མིག་ཅན་གྱི་དོ་དམ་ཞབས་ཞུར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་རལ་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་ཕྱོགས་བསྡུས་བྱང་ཚད་ཀྱི་ལེགས་འདེམས་འགྲན་བསྡུར་ཞིག་སྒྲིག་འཛུགས་ཞིབ་ཚགས་བྱས་པ་རེད། སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དང་། “ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི། སྡེ་ཁུལ་གྱི་ལས་དོན་པ། གྲོང་མི་མང་ཚོགས་ཀྱི་འཐུས་མི་བཅས་ད་རེས་ཀྱི་བྱེད་སྒོར་མཉམ་དུ་ཞུགས་པ་རེད།

    ད་ཐེངས་ཀྱི་ལེགས་འདེམས་འགྲན་བསྡུར་ནི་གཙང་རལ་སྡེ་ཁུལ་གྱི་གསར་གཏོད་བྱེད་ཐབས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་དྲ་མིག་ལས་དོན་པའི་རང་ངོས་ཀྱི་བྱང་ཚད་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་སྡེ་ཁུལ་གྱི་གྲོང་མིར་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུར་སྐུལ་ལྕག་བྱ་ཆེད་རེད། དཔྱད་འདེམས་ལ་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་སྤྱད་དེ་དྲང་གཞག་དྲང་བདེན་ལ་འགན་ལེན་བྱས་པ་རེད།

    མཐར་དྲ་མིག་དོ་དམ་པ་པད་མ་སྒྲོལ་དཀར་ལ་འདེམས་ཤོག་34ཐོབ་ནས་ཨང་དང་པོ་རག་པ་དང་། དྲ་མིག་དོ་དམ་པ་བསྟན་འཛིན་ཡོན་ཏན་ལ་འདེམས་ཤོག་29ཐོབ་ནས་ཨང་གཉིས་པ་རག་པ། དྲ་མིག་དོ་དམ་པ་བསྟན་འཛིན་དབང་རྒྱལ་ལ་འདེམས་ཤོག་27ཐོབ་ནས་ཨང་གསུམ་པ་རག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།