དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བྲག་གཡབ་རྫོང་གི་སྤྱི་བདེས་གཡང་ལ་ཟགས་པའི་རླངས་འཁོར་ཞིག་ལ་འཕྲལ་དུ་རོགས་སྐྱོབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་གནས་ཚུལ་ཐོན་སར་མི་དམངས་ཉེན་རྟོག་པ་དང་མང་ཚོགས་ཀྱིས་མཉམ་དུ་རྨས་མ་སྐྱོབ་བཞིན་པ།

    ཟླ་11ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་7དང་སྐར་མ་30ཡོལ་ཙམ་ལ་བྲག་གཡབ་རྫོང་སྤྱི་བདེ་ཅུས་དཀྱིལ་ཐང་མངགས་གཏོང་ཁང་ལ་བཀོད་འདོམས་ལྟེ་གནས་ནས་རྒྱལ་ལམ་214སྨོན་ལམ་ལའི་ལྗོངས་གཟིགས་སྒང་གི་ཉེ་འགྲམ་དུ་རླངས་འཁོར་ཞིག་ཁ་བཀག་མི་ཐུབ་པར་སྨི་200ཙམ་གྱི་གཡང་ལ་ཟགས་པའི་བཀའ་འབྱོར་བ་རེད།

    དཀྱིལ་ཐང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་གནས་ཚུལ་ཐོན་སར་སྐྱོད་སྐབས་རླངས་འཁོར་ནང་གི་མང་ཚོགས་གཉིས་ཉེན་ཁའི་གནས་སུ་གྱར་བ་དང་རྨས་སྐྱོན་ཚབས་ལྕི་ཙམ་ཕོག་ཡོད་པ་ཤེས། མི་དམངས་ཉེན་རྟོག་པས་མྱུར་དུ་མྱུར་སྐྱོབ་རླངས་འཁོར་དང་འབྲེལ་བ་བྱས་པ་མ་ཟད། ད་དུང་ཉེ་འགྲམ་གྱི་མང་ཚོགས་མཉམ་དུ་མྱུར་སྐྱོབ་བྱེད་པར་སྐད་བཏང་།

    མིག་སྔར་རྨས་སྐྱོན་ཕོག་པའི་མང་ཚོགས་གཉིས་སྲོག་ཉེན་ལས་ཐར་ནས་སྨན་བཅོས་བྱེད་སྒང་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།