དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མངའ་རིས་ས་ཁུལ་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གིས།

    གྲོང་གསེབ་ཀྱི་ཉེན་རྟོག་ལས་དོན་སྤེལ་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    “ད་ཆ་དཀའ་ངལ་གང་ཞིག་འཕྲད་རུང་མངགས་གཏོང་ཁང་དུ་འགྲོ་དགོས་ཀྱི་མི་འདུག སྐད་འཕྲིན་ཚོགས་པའི་ནང་བཤད་མ་ཐག་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁ་པར་བརྒྱབ་ནས་གནས་ཚུལ་ཤེས་རྟོགས་བྱེད་པ་མ་ཟད། ང་ཚོར་དཀའ་ངལ་ཐག་གཅོད་བྱེད་རོགས་ཀྱང་བྱེད་ཀྱི་འདུག དེ་དངོས་འབྲེལ་ཡག་པོ་འདུག”ཅེས་མངའ་རིས་ས་ཁུལ་རུ་ཐོག་རྫོང་རུ་ཐོག་གྲོང་རྡལ་རུ་ཐོག་གྲོང་ཚོའི་གྲོང་མི་དབྱངས་ཅན་གྱིས་བཤད།

    འདི་ལོའི་ལོ་སྟོད་དུ་ཞིང་ལས་བྱེད་སྐབས་གཟབ་གཟབ་མ་བྱས་པའི་དབང་གིས་དབྱངས་ཅན་གྱི་རྐང་པ་བརྡབས་སྐྱོན་བྱུང་། སྐབས་འདིར་ཁོང་གི་ཕྲུ་གུ་ཚོ་ཡུལ་གཞན་དུ་གླ་པར་ཡོད་པས་ནད་གཡོག་རྒྱུག་ག་ལ་ཐུབ། འུ་ཐུག་ཐབས་ཟད་དུ་གྱུར་པའི་དབྱངས་ཅན་གྱིས་སྐད་འཕྲིན་ཚོགས་པའི་ནང་ཆ་འཕྲིན་ཞིག་བསྐུར་ནས་གནས་ཚུལ་འདི་དག་བཤད། གནས་ཚུལ་ཤེས་རྟོགས་བྱུང་རྗེས་རུ་ཐོག་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་འཚམས་འདྲིའི་དངོས་པོ་ཁྱེར་ནས་དབྱངས་ཅན་གྱི་ཁྱིམ་དུ་ཁོང་ལ་ལྟ་བར་ཡོང་བ་མ་ཟད། ཁོང་གི་དཀའ་ངལ་སེལ་རོགས་ཀྱང་བྱས་པ་རེད།

    འདི་ལོ་མངའ་རིས་ས་ཁུལ་རུ་ཐོག་མཐའ་མཚམས་མངགས་གཏོང་གིས“མཐའ་མཚམས་དོ་དམ་ཞབས་ཞུའི་སྐད་འཕྲིན་ཚོགས་པ”བཙུགས་ནས“གྲོང་ཚོ་གཅིག་ལ་སྐད་འཕྲིན་ཚོགས་པ་གཅིག”ཡོངས་སུ་ཁྱབ་པར་བྱས་ཤིང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་། མཐའ་མཚམས་སྲུང་སྐྱོང་བ། གྲོང་ཚོའི་ལས་བྱེད་པ་བཅས་ཚང་མ་ཚོགས་པའི་ནང་ཞུགས་ཏེ་བདེ་འཇགས་ཉེན་ཟོན་དྲན་སྐུལ་དང་། དཔེ་མཚོན་གྱོད་དཔེ། གཞོགས་འདེགས་སྒྲུབ་གཉེར། མི་བཟང་ལས་བཟང་། རྐུ་འགོག་དང་ཁ་བསླུས་མ་བྱུང་སྔོན་འགོག་སོགས་ཀྱི་ཆ་འཕྲིན་བསྐུར་བ་བརྒྱུད། དོགས་ཟོན་ཆུང་ངུ་དང་། དོ་དམ་ཚོད་འཛིན་ཆུང་ངུ་། ཞབས་ཞུ་ཆུང་ངུ་། དྲིལ་བསྒྲགས་ཆུང་ངུ་། སྤེལ་རེས་ཆུང་ངུ་བཅས“ཆུང་ལྔ་གཞི་གཅིག”གི་མཉམ་སྒུལ་རྣམ་པ་བཏོད་ཡོད།

    འགལ་ཟླ་དང་ཉེན་ཁ་འབྱུང་རྩ་ནས་སེལ་ཆེད། མངགས་གཏོང་ཁང་གིས“རང་འགུལ་འགོག་ཟོན”གྱི་ཉེན་རྟོག་ལས་དོན་རྣམ་པའི་ལེགས་ཆ་འདོན་སྤེལ་བྱས་་ཤིང་། འདི་ལོ་ཚུན་དུ་འགལ་བ་དང་རྩོད་གཞི་38གྲལ་བཤེར་བྱས་པ་དང་། འགལ་བ་37བསལ་བ། བསལ་ཚད་98.67%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།