དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • དམངས་འཚོའི་བདེ་རྩ་ཆེ་རུ་བཏང་། ཞིབ་དཔྱོད་འགན་འཁྲི་མངོན་པར་བྱས།

    —— ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱི“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་ཞིབ་དཔྱོད་ཁང་གི་ལས་དོན་པ་སློབ་གྲྭར་བསྐྱོད་ནས་བཅའ་ཁྲིམས་ཤེས་བྱ་སྒྲོག་འགྲེལ་བྱེད་བཞིན་པ།

    འདི་ལོ་ཚུན་དུ། ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱིས་ལས་ཞུགས་དང་། བཟའ་བཅའ། སྨན་རྫས། སྤྱི་ཚོགས་འགན་བཅོལ། སྡོད་ཁང་། རྒན་གསོ། ཁོར་ཡུག་སྲུང་སྐྱོང་སོགས་གླེང་མང་བའི་དམངས་འཚོའི་གནད་དོན་ལ་དམིགས་ནས་ངལ་རྩོལ་པ་དང་། འཛད་སྤྱོད་པ། བུད་མེད། རྒན་རྒོན། ན་སོ་དར་ལ་མ་བབས་པའི་མི། དབང་པོ་སྐྱོན་ཅན་སོགས་གཙོ་གནད་མི་ཚོགས་ལ་ཞིབ་དཔྱོད་འགན་ནུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། “ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་རེད། ཟླ་9པའི་བར་དུ་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་རིགས་ཁག་གི་གྱོད་གཞི་1114ཞིབ་གཅོད་བྱས་ཤིང་། དེའི་ནང་ཉེས་དོན་ཞིབ་དཔྱོད་གྱོད་གཞི་558དང་། དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་254 སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི་137 སྤྱི་ཕན་གཏུག་བཤེར་གྱོད་གཞི་165བཅས་ཡོད་པ་རེད།

    དམིགས་ཡུལ་ཁ་གསལ་བཟོས། དམངས་འཚོ་སྲུང་སྐྱོང་ཡག་པོ་བྱེད་པ།

    འདི་ལོའི་ལོ་སྟོད་དུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞི་དང་དོན་འཁྱོལ་ཇུས་གཞི་སྔ་རྗེས་སུ་གཤམ་སྤེལ་བྱས་ནས་འདི་ལོའི་ཟླ་2པ་ནས་ཟླ་12པའི་བར“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འཁེལ་བྱས་པ་རེད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་རྗེས། ལྷོ་ཁ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཡིས་ཚད་མཐོའི་མཐོང་ཆེན་གྱིས་འཆར་འགོད་ཞིབ་ཚགས་བྱས་ནས་མཐོ་གནས་སྐུལ་འདེད་བཏང་ཞིང་། “ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས《གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱི“ཞིབ་དཔྱོད་ཀྱིས་དམངས་འཚོ་སྲུང་བའི”ཆེད་དོན་བྱ་སྤྱོད་སྤེལ་བའི་ལག་བསྟར་བསམ་འཆར》བཟོས་པ་མ་ཟད། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་གཙོ་གནད་ལས་དོན་11དང་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་གཙོ་གནད་ལས་དོན་13གཞིར་བཟུང་། ལྷོ་ཁའི་ཞིབ་དཔྱོད་ལས་དོན་གྱི་དོན་དངོས་དང་སྡེ་ཚན་ཁག་གི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་ཞིབ་ཕྲའི་ལས་དོན་33དབྱེ་བས་ཞིབ་དཔྱོད་དཔོན་གྱིས་གཙོ་བོར་དམ་འཛིན་བྱེད་པ་དང་། ལས་བགོས་འགན་གཉེར་གྱི་ཞིབ་དཔྱོད་དཔོན་གཞོན་པས་དམ་འཛིན་ཞིབ་ཕྲ་བྱེད་པ། རིམ་གཉིས་ཁང་གིས་མཉམ་དུ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    འགན་ནུས་ཆེ་རུ་བཏང་།  གཙོ་གནད་ཁྱབ་ཁོངས་ཀྱི“འགག་སྒྲོལ་དམག་འཐབ”ཡག་པོ་རྒྱག་པ།

    ལྷོ་ཁ་ཞིབ་དཔྱོད་ལས་ཁུངས་ཀྱིས་གནད་སྨིན་ཇུས་འདོན་བྱས་ནས་སྤྱི་ཕན་གཏུག་བཤེར་ལ་ཤུགས་སྣོན་བརྒྱབ་ཅིང་། སྡེ་ཁུལ་གྱི་ཚོགས་ཉོ་དང་དྲ་ཐོག་ཚོང་གཉེར་སོགས་ལས་རྣམ་གསར་པའི་ཟས་རིགས་བདེ་འཇགས་གནད་དོན་ལ་དམིགས་ནས། བཟའ་བཅའ་དང་སྨན་རྫས་རིགས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་27ཞིབ་གཅོད་བྱས་ཏེ། རིན་ཐང་སྒོར་ཁྲི་2.15རི་བའི་བཟའ་བཅའ་རྫུན་ལྷད་ཞན་གསུམ་རིགས་སྤྱི་རྒྱ་225.52ཞིབ་བཤེར་ཐག་གཅོད་བྱས་པ་རེད།

    གཞན་ཡང་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་ནས་དམངས་འཚོ་དང་འབྲེལ་བའི་ཉེས་གསོག་གྱོད་གཞི་31དང་དེ་འབྲེལ་གྱི་མི་40འཛིན་བཟུང་བྱ་རྒྱུར་ཆོག་མཆན་སྤྲད་པ་དང་། གྱོད་གཞི་81དང་དེ་འབྲེལ་གྱི་མི་127ཁྲིམས་སྦྱོར་བྱས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།

    གནས་བབ་ཆགས་པར་བྱས།  དམིགས་བསལ་ཚོགས་སྤྱིའི“སྲུང་སྐྱོང་དྲ་བ”ཚགས་དམ་དུ་བཏང་བ།

    གླ་ཕོགས་འགྱངས་ཆད་རྩ་བཅོས་ཀྱི་ཆེད་དོན་བྱ་སྤྱོད་ནང་གཏིང་ཟབ་ཞུགས་ཏེ། ངལ་རྩོལ་པས་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིམས་འཛིན་གྱི་འགན་ལེན་བྱས་ཤིང་། གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ངལ་རྩོལ་ཐོབ་ཆ་མི་སྤྲོད་པའི་གྱོད་གཞི་6དང་ཁྲིམས་སྦྱོར་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་དམངས་དོན་གྱོད་གཞི་61ཞིབ་གཅོད་བྱས་པ་རེད། གྱོད་གཞི་ཞིབ་གཅོད་བྱས་པ་བརྒྱུད་ཞིང་པ་ལས་མི་168ལ་ངལ་རྩོལ་ཐོབ་ཆ་སྒོར་ཁྲི་311ལེན་རོགས་བྱས་པ་རེད།

    གྲོང་ཁྱེར་སྲིད་གཞུང་གི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་དང་མཉམ་དུ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཞིབ་དཔྱོད་ཀྱི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་དང་དེ་བཞིན་གཉེན་སྒྲིག་ཁྱིམ་ཚང་སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་རྣམ་པ་ཟབ་མོ་བཏོད་པ་རེད། བུད་མེད་དང་འབྲེལ་བའི་ཁྲིམས་སྦྱོར་ལ་རྒྱབ་སྐྱོར་བྱེད་པའི་དམངས་དོན་གྱོད་གཞི་44དང་དེ་འབྲེལ་གྱི་མི་54ཞིབ་གཅོད་བྱས་ནས། ངལ་རྩོལ་ཐོབ་ཆ་དང་གསོ་རྟེན་སོགས་སྒོར་ཁྲི་40འདེད་ལེན་བྱས་ཏེ་ཉམ་ཞན་ཚོགས་སྤྱིར་ཞིབ་དཔྱོད་ཀྱི་དྲོ་སྐྱིད་དེ་བས་མང་བ་ཐོབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།