དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

    བཟའ་བཅའི་བདེ་འཇགས་ཀྱི་གདེང་འཇོག་ཚད་གཞི་99%ཡན་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ལོ་ཚུན་རང་ལྗོངས་ཀྱིས་བཟའ་བཅའི་བདེ་འཇགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”(ཁོངས་གཏོགས་ཁུལ་དོ་དམ་གྱི་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི)དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། འགན་འཁྲི་དོན་འཁྱོལ་བྱེད་ཚད་སྔར་བས་ལེགས་སུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས་ཞིང་ལས་ཐོན་རྫས་ཀྱི་འཆར་ཅན་ལྟ་ཞིབ་ཀྱི་ཚད་གཞི་98%ཡན་རྒྱུན་འཁྱོངས་ཐུབ་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་གདེང་འཇོག་ཚད་གཞི་99%ཡན་རྒྱུན་འཁྱོངས་ཐུབ་ནས་ཁུལ་ཁོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་བདེ་འཇགས་ཐད་ཀྱི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོ་བསྲུངས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱིས་ཏང་སྲིད་འགན་འཁྲི་གཅིག་མཚུངས་འཁུར་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། “འགན་འཁྲི་གཉིས”གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། གྲོང་ཁྱེར་དང་ས་ཁུལ་7དང་རྫོང(གྲོང་ཁྱེར་དང་ཆུས)74ཡི་ཏང་ཨུད་དང་སྲིད་གཞུང་གིས“འགན་འཁྲི་གཉིས”དོན་འཁྱོལ་བྱ་རྒྱུ་དེ“གཙོ་འགན་འཁུར་མཁན”གྱི་འདུ་འགོད་དུ་བརྩིས་ཏེ། ལྗོངས་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཁྲི་1.7ལྷག་ཙམ་གྱིས་བཟའ་བཅའི་ཁེ་ལས་ཁྲི་6.5ལྷག་ཙམ་འགན་གཙང་ལེན་རྒྱུར་སྐུལ་འདེད་བཏང་ནས“ཁོངས་གཏོགས་ཁུལ་དོ་དམ་དང་། ལས་རིགས་ལྟ་འདོམས། ཁེ་ལས་ཀྱི་བྱེད་པོ་བཅས་ཟུང་དུ་འབྲེལ་བའི”འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྦྲེལ་མཐུད་ནུས་ལྡན་བྱས་ཡོད། ཁེ་ལས་ཀྱིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་རིགས་དབྱེ་མཛུབ་ཁྲིད་དང་ཉེན་ཁ་དོ་དམ་ཚོད་འཛིན་གྱི་གསལ་ཐོ་བཟོས་ཏེ། ལྗོངས་ཡོངས་སུ་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཁྲི་1.5ཙམ་དང་བཟའ་བཅའི་བདེ་འཇགས་པ་ཁྲི་6ཙམ་བཀོད་སྒྲིག་བྱས་ནས“ཉིན་རེར་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེར་གྲལ་བཤེར། ཟླ་རེར་བཀོད་གཏོང”བཅས་ཀྱི་ལམ་ལུགས་རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་མངོན་འགྱུར་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།