དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་རུ་ཆེན་གྱིས།

    སློབ་གྲྭའི་བདེ་འཇགས་སྲུང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་མེ་ཟོན་བདེ་འཇགས་སྒྲིག་ཆས་ལ་ཞིབ་བཤེར་བྱེད་བཞིན་པ།

    ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་བདེ་འཇགས་འགོག་ཟོན་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་རུ་ཆེན་གྱིས“བདེ་འཇགས་ཨང་དང་པོར་འཇོག་པ་དང་སྔོན་འགོག་གཙོ་བོར་འཛིན་པའི”རྩ་དོན་མཐའ་འཁྱོངས་ཀྱིས། “དུས་བདེའི་སློབ་གྲྭའི”ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་སློབ་གྲྭའི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ནས། དགེ་སློབ་ཚོར་སློབ་གྲྭའི་སློབ་སྦྱོང་ཁོར་ཡུག་དང་བདེ་འཇགས་ཁོར་ཡུག་བཟང་པོ་རྒྱུན་ཆད་མེད་པར་བཏོད་ཡོད་པ་རེད།

    སྤུ་ཧྲེང་རྫོང་སྤྱི་བདེ་ཅུས་བདེ་འཇགས་བཅོས་སྐྱོང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སློབ་གྲྭ་དང་ཉེ་འཁོར་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་དང་ཞིབ་ཚགས་ངང་གྲལ་བཤེར་བྱས་པ་དང་། སློབ་ཁྲིད་ཐོག་ཁང་དང་ཟ་ཁང་སོགས་མེ་སྐྱོན་ཐོན་སླ་བའི་གཙོ་གནད་ཁུལ་ལ་གཙོ་གནད་དུ་ཞིབ་བཤེར་བྱས་པ་དང་འབྲེལ་བཟའ་བཅའི་བདེ་འཇགས་དང་། སློབ་གྲྭའི་མེ་ཟོན་སྒྲིག་ཆས། འཕྲལ་སྡོམ་ཁ་འགྲེམས་བགྲོད་ལམ་སོགས་ལ་གྲལ་བཤེར་བྱས་ཤིང་། ཞིབ་བཤེར་ཐུབ་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་དམིགས་ཏེ་གནད་དོན་གྱི་རྩིས་ཁྲ་བཟོ་བ་དང་དག་ཐེར་གྱི་འགན་འཁུར་བ་དང་དག་ཐེར་གྱི་དུས་བཀག་ཁ་གསལ་བཟོས་ནས་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་སེལ་རྒྱུའི་འགན་ལེན་བྱས་པ་རེད། དེ་རྗེས་མི་དམངས་ཉེན་རྟོག་པས་གོ་བདེ་ཤེས་སླ་དང་གསོན་ཉམས་དོད་པའི་སྐད་ཆའི་ཐོག་ནས་དགེ་སློབ་ཚོར་ཁྲིམས་སྐྱོང་སློབ་གསོའི་སྒྲོག་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།