དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • འཕྱོངས་རྒྱས་རྫོང་གིས་མཉམ་འབྲེལ་ཐོག་གཙང་པོར་སྐོར་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    ཉེ་ཆར། འཕྱོངས་རྒྱས་རྫོང་གི་ཆུ་དཔོན་དང་། མཚོ་དཔོན། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན་བཅས་ཀྱི་མཉམ་འབྲེལ་ཞིབ་བཤེར་ཚོགས་ཆུང་གིས་རྫོང་ཡོངས་ཀྱི་ཆུ་ལམ་ཁག་ཏུ་ཁྲིམས་འགལ་ངང་བྱེ་རྡོ་སྔོག་པར་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

    གཙང་པོར་སྐོར་ཞིབ་བྱེད་རིང་། ཞིབ་བཤེར་ཚོགས་ཆུང་གིས་གཙང་པོ་བརྒྱུད་དེ་ཆུ་ལམ་གྱི་རྣམ་པ་དང་། ཆུ་ཁོངས་ཀྱི་རྣམ་པ། དེ་བཞིན་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་པ་དང་ཆབས་ཅིག ཞིབ་བཤེར་ཚོགས་ཆུང་གིས་གཙང་པོ་བཅོས་སྐྱོང་གི་གཙོ་གནད་དང་དཀའ་གནད་ཐད་སྤེལ་རེས་གཏིང་ཟབ་ཀྱང་བྱས་པ་རེད། ཆུ་དཔོན་དང་མཚོ་དཔོན་ཚོས་ཉེ་དུས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་སྤེལ་ཚུལ་དང་དེ་བཞིན་རྗེས་མཐུད་ཀྱི་བཅོས་སྐྱོང་འཆར་གཞི་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཉེན་རྟོག་དཔོན་གྱིས། སྤྱི་བདེ་ལས་ཁུངས་ཀྱིས་རང་ངོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཟིལ་ཤུགས་ཆེན་པོས་གཙང་པོ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ། གཙང་པོ་སྲུང་སྐྱོང་ལ་སྲ་ཞིང་བརྟན་པའི་ཁྲིམས་འཛིན་གྱི་འགན་ལེན་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བརྗོད་པ་དང་། ཞིབ་དཔྱོད་དཔོན་གྱིས། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལྟ་སྐུལ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཙང་པོའི་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་རིགས་ཁྲིམས་ལྟར་སྤྱི་ཕན་གཏུག་བཤེར་བྱ་རྒྱུ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་ཁག་ལ་འགན་འཁྲི་ཏན་ཏིག་བསྒྲུབ་རྒྱུའི་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།