ལྷ་ས་གྲོང་ཁྱེར་གླིང་ཆུང་སྡེ་ཁུལ་གྱིས།
སོལ་རླངས་ཀྱི“ཆ་ཚང་གསུམ”བསྒར་ཚུལ་ལ་གྲལ་བཤེར་བྱེད་པའི་བྱེད་སྒོ་རྒྱུན་མཐུད་སྤེལ་བ།
ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་དུ་སོལ་རླངས་ཀྱི“ཆ་ཚང་གསུམ”བསྒར་ཚུལ་ལ་གྲལ་བཤེར་བྱེད་པའི་དམིགས་ཡུལ་ནི་སོལ་རླངས་ཀྱི་བདེ་འཇགས་སྔར་བས་ཆེ་རུ་གཏོང་བ་དང་། བདེ་འཇགས་ངང་སོལ་རླངས་སྤྱོད་པའི་སྡེ་ཁུལ་གྱི་གྲོང་མིའི་འདུ་ཤེས་ཟབ་ཏུ་གཏོང་བ། འབྱུང་རྩ་ནས་བདེ་འཇགས་ལས་འཛོལ་མ་ཐོན་སྔོན་འགོག་དང་ཉུང་དུ་གཏོང་བ། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བཅས་བྱ་ཆེད་རེད།
ད་ཐེངས་ཀྱི་བྱེད་སྒོར་གཙོ་བོ“ཆ་ཚང་གསུམ”སྒྲིག་སྦྱོར་བྱས་པའི་སྤྱོད་མཁན་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་། དུད་ཚང་དུ་བདེ་འཇགས་ཞིབ་བཤེར་དང་དུས་མཚུངས་སྡེ་ཁུལ་དེའི་དྲ་མིག་པས་གྲོང་མིར་རང་བྱུང་སོལ་རླངས་བདེ་འཇགས་བེད་སྤྱོད་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་ནས། གྲོང་མིར་རྒྱུན་གཏན་སོལ་རླངས་སྤྱོད་སྐབས་ཞིབ་བཤེར་མང་ཙམ་དང་། རྟག་ཏུ་སྲུང་སྐྱོང་། རླུང་འགྲོ་ཤར་གཏོང་བཅས་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།