གོ་འཇོ་རྫོང་གིས་དམངས་འཚོའི་ཆ་འཕྲིན་པ་གསོ་སྦྱོང་བྱས་ནས་གཞི་རིམ་བཅོས་སྐྱོང་གི་འཇོན་ཐང་ཆེ་རུ་བཏང་བ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གིས་དམངས་འཚོའི་ཆ་འཕྲིན་པའི་འཇོན་ཐང་ཆེ་རུ་གཏོང་བ་དང“ལས་སྟེཌ་གཅིག”དང“དྲ་བ་གཅིག”གི་ལས་དོན་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་གསོ་སྦྱོང་བྱས་པ་རེད། གོ་འཇོ་རྫོང་གི་རྫོང་ཐད་གཏོགས་ཚན་པ་དང་། ཤང་དང་གྲོང་རྡལ་12ཀྱི་སྲིད་ཁྲིམས་ཨུ་ཡོན། ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་བསྐོས་པ། དམངས་འཚོའི་ཆ་འཕྲིན་པ་སོགས་ཁྱོན་མི་གྲངས་80ལྷག་ཙམ་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ནི་གོ་འཇོ་རྫོང་གིས་གཞི་རིམ་བཅོས་སྐྱོང་ལ་ཤུགས་སྣོན་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་གཞི་རིམ་གྱི་སྲིད་ཁྲིམས་ལས་བྱེད་པ་དང་དམངས་འཚོའི་ཆ་འཕྲིན་པའི་ཆབ་སྲིད་ཀྱི་བྱང་ཚད་དང་། ལས་སྒོའི་ཆུ་ཚད། འགན་འཁྲི་སྒྲུབ་ནུས་བཅས་མཐོ་རུ་བཏང་ནས། དུས་བདེའི་གོ་འཇོ་དང་ཁྲིམས་སྐྱོང་གི་གོ་འཇོ་འཛུགས་སྐྱོང་བྱེད་པར་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།