དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆབ་མདོ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས།

    དམག་ཤུགས་གྲ་སྒྲིག་ཨང་གསར་བྱས་ནས་སྟོན་དགུན་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་པའི་ལས་དོན་ཡག་པོ་སྒྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-03

    འདི་ནི་བཅའ་སྲུང་ཡན་ལག་རུ་ཁག་གིས་ནགས་ཁུལ་དུ་སྐོར་ཞིབ་སྲུང་སྐྱོང་བྱེད་བཞིན་པ།

    འདི་ནི་བཀོད་འཐབ་པ་ཚོས་ཆུ་འཐེན་འཕྲུལ་འཁོར་སྒྲིག་པའི་སྦྱོང་བརྡར་བྱེད་བཞིན་པ།

    འདི་ནི་བཀོད་འཐབ་པ་ཚོས་ནགས་ཁུལ་དུ་རྩད་ཞིབ་བྱེད་བཞིན་པ།

    འདི་ནི་བཅའ་སྡོད་བྱ་ཡུལ་གྱི་ཁོར་ཡུག་དང་ཟུང་འབྲེལ་བྱས་ཏེ་བཀོད་འཐབ་པ་ཚོས་ཆུ་ཁོངས་སུ་སྦྱོང་བརྡར་བྱེད་བཞིན་པ།

    ཟླ་10པའི་ཚུན། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་སྔོན་ཚུད་ནས་ལས་དོན་སྤེལ་ཞིང་། དམག་ཤུགས་གྲ་སྒྲིག་གི་དུས་ཡུན་ལོ་ཕྱེད་རིང་། སྔ་རྗེས་སུ་བཀོད་འཐབ་པ་45ཡིས་མེ་ཟོན་མེ་གསོད་སྒྲིག་ཆས་སྣ་ཚོགས་འཁྱེར་ནས་དཔལ་འབར་དང་། སྨར་ཁམས། གོ་འཇོ་བཅས་རྫོང་གསུམ་དུ་བསྐྱོད་དེ་མདུན་ཕྱོཌ་སུ་བཅའ་སྲུང་བྱས་པས“གཙོ་གནད་འགན་ལེན་དང་། མཐའ་འཁོར་དུ་ཁྱབ་འགྱེད། ཕན་ཚུན་གཞོགས་འདེགས། ཡོངས་ཁྱབ”བཅས་ཀྱི་དམག་ཤུགས་བཀོད་སྒྲིག་གི་རྣམ་པ་ཞིག་ཆགས་ཡོད།

    བཅའ་སྲུང་བྱས་ནས་ཟླ་བ་གཅིག་ལྷག་ཙམ་རིང་བཅའ་སྲུང་ཡན་ལག་རུ་ཁག་གསུམ་གྱིས་ལས་འགན་ལ་གཞིགས་ཏེ་རྩད་ཞིབ་ཚོགས་ཆུང་བཙུགས་ནས་ས་གནས་ས་ཐོག་དང་། རྐང་ཐང་མ། སྦག་སྦག་བཅས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཉེ་འཁོར་གྱི་གཙོ་གནད་ནགས་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ་དུ་སྐོར་ཞིབ་སྲུང་སྐྱོང་དང་ནགས་ཁུལ་གྱི་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཁར། བཅའ་སྲུང་བྱ་ཡུལ་མཐའ་འཁོར་གྱི་འགྲོ་ལམ་དང་། ཆུ་འགོ སྔོ་ཁེབས་ཀྱི་ཁྱད་ཆོས། མེ་ཟོན་གྱི་རྨང་གཞིའི་སྒྲིག་བཀོད། བཅའ་སྡོད་བྱ་ཡུལ་གྱི་མེ་ཟོན་སྟོབས་ཤུགས་བཅས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་བསྡུ་རུབ་དང་ལེགས་སྒྲིག་གིས་གནོད་འཚེ་དང་ལས་འཛོལ་སྣ་ཚོགས་འཕྲལ་སྡོམ་ཐག་གཅོད་བྱ་ཆེད་གྲངས་གཞིའི་འདེགས་སྐྱོར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།