དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གེགས་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་སྤེལ་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    གེགས་འགོག་གེགས་སེལ་ལས་དོན་ལ་སྤྱི་ཚོགས་ལས་རིགས་ཁག་གིས་སྔར་བས་མཐོང་ཆེན་བྱས་ཏེ་དམངས་ཡོངས་ཀྱི་གེགས་འགོག་གེགས་སེལ་གྱི་ཤེས་བྱ་དང་གནོད་གཡོལ་རང་སྐྱོབ་ཀྱི་རྩལ་ནུས་ཁྱབ་གདལ་གཏོང་ཆེད། ཉེ་ཆར་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལྗོངས་ཡོངས་ཀྱི་ས་གནས་ཁག་ཏུ་གེགས་འགོག་གེགས་སེལ་གྱི་ཚན་རིག་ཁྱབ་སྤེལ་དྲིལ་བསྒྲགས་བྱེད་སྒོ་དུས་ཅིག་ཅར་དུ་སྤེལ་བ་རེད།

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ་སྟག་རྩེ་ཆུས་ཀྱི་མང་ཚོགས་དང་ལས་བྱེད་ལས་བཟོར་ཉེན་གཡོལ་རང་སྐྱོབ་བྱེད་སྟངས་འགྲེལ་བཤད་བརྒྱབ་པ་དང་། རོགས་སྐྱོབ་རྩལ་ནུས་འགྲེམས་སྟོན་བྱས་པ་དང་འབྲེལ་མེ་གསོད་ལད་ཟློས་ནང་སྦྱོང་ཡང་བྱས་ཡོད། མཉམ་འགུལ་སྤེལ་རེས་དང་ལྟ་སྦྱོང་ཉམས་ལེན་བྱས་པ་བརྒྱུད། ཡུལ་དེ་གའི་མང་ཚོགས་ཀྱི་འཕྲལ་སྡོམ་ནང་ཞུགས་པ་དང་བདེ་འཇགས་མཉམ་སྲུང་གི་སྤྲོ་སེམས་སྐོང་འཐེན་གང་ལེགས་བྱས་ཤིང་། “དབྱིངས་ཞུགས་རྣམ་པའི”ཉམས་ལེན་ཁྲོད་ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་མང་ཚོགས་ཀྱི་འཕྲལ་སྡོམ་ཉེན་གཡོལ་གྱི་འདུ་ཤེས་དང་མགྱོགས་མྱུར་བརྡ་ལན་སྤྲོད་ནུས་ཆེ་རུ་ཕྱིན་ནས་བསམ་བློ་དང་བྱ་སྤྱོད་ཐད“མེ་འགོག་གྱང”བསྐྲུན་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་གེགས་འགོག་གེགས་སེལ་གྱི་དྲིལ་བསྒྲགས་ཡན་ལག་རུ་ཁག་མང་པོ་མངགས་ཏེ། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་ཚོང་ཁང་དང་། ཁྲོམ་གཞུང་། སྡེ་ཁུལ་བཅས་སུ་བསྐྱོད་ནས“གནས་གཏན་འཁེལ་དང་སྐོར་སྐྱོད་ཟུང་འབྲེལ”གྱི་བྱེད་ཐབས་སྤྱད་དེ་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་ཀྱི“བརྒྱད་སྤེལ”བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་ནས་ལས་རིགས་ཁག་ཏུ་གེགས་འགོག་གེགས་སེལ་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།