དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེའི་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    ཉེ་ཆར། གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2024ལོའི་དབྱར་དུས་ཀྱི་བདེ་འཇགས་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་6པའི་ཟླ་མཇུག་ནས་ཟླ་9པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་ཉེས་དོན་དང་། བདེ་འཇགས། འགྲིམ་འགྲུལ་བཅས་ཀྱི་ཉེན་དོན་དུས་མཚུངས་ལས་77%དང་། 51% 94%བཅས་སོ་སོར་ཆག་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ཟླ་6པའི་ཟླ་མཇུག་ནས་བཟུང་། གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་རྡུང་རྡེག་ཚ་ནན་གཏོང་བའི་མཐོ་གནོན་རྣམ་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཤིང་། རིམ་ཁག་སྤྱི་བདེ་ལས་ཁུངས་དང་རྒྱ་ཆེའི་སྤྱི་བདེ་ལས་བྱེད་ཉེན་རྟོག་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གྲོང་ཁྱེར་ཡོངས་ཀྱི་ཉེས་དོན་གྱོད་གཞི་ཐོ་འགོད་བྱེད་ཚད་དང་བདེ་འཇགས་གྱོད་གཞི་བདག་སྤྲོད་བྱེད་ཚད“གཉིས་ཀ་ཆག་པ”དང་། ཉེས་དོན་གྱོད་གཞི་རྩད་ཆོད་ཚད་དང་བདེ་འཇགས་གྱོད་གཞི་ཞིབ་བཤེར་ཐག་གཅོད་ཐུབ་ཚད“གཉིས་ཀ་འཕར”ཡོད། དེ་དང་ཆབས་ཅིག་སྤྱི་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་ཐད། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དབྱར་དུས་ཀྱི་བདེ་འཇགས་ཀྱི་ཆོས་ཉིད་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་སྤྱི་ཚོགས་ཐོག་སྐོར་ཞིབ་བྱེད་ཚད་མང་དུ་དང་བྱེད་རྒྱ་ཆེ་རུ་རྒྱུན་མཐུད་བཏང་བ་དང་། ཉེན་རྟོག་པ་མཐོང་ཚད་དང་དོ་དམ་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཟིལ་ཤུགས་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་བར། རིམ་རྩིས་བྱས་ན་ཉེན་རྟོག་པ་མི་ཐེངས་ཁྲི་9.8ལྷག་ཙམ་དང་མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་མི་ཐེངས་ཁྲི་6.2ལྷག་ཙམ་བཀོད་སྒྲིག་བྱས་ཡོད། ཁྲོམ་གཞུང་དུ་སྐོར་ཞིབ་འགོག་ཟོན་བྱེད་པ་དང་འགྲོ་ལམ་འགྲིམ་འགྲུལ་དོ་དམ་དང་གཙོ་གནད་ཚོགས་སྤྱིར་དྲིལ་བསྒྲགས་སྔོན་འགོག་བྱེད་པ་སོགས་ཀྱི་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།