དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་འཁོར་རྭ་མངགས་གཏོང་ཁང་གིས“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་འཁོར་རྭ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་རྨང་གཞིའི་ཆ་འཕྲིན་བསྡུ་ལེན་གྱི་ལས་དོན་སྤེལ་བའི་གནས་ཚུལ་ཡིན་པ།

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་འཁོར་རྭ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་བསྐྱོད་དེ་ཚད་ལྡན་སྡོད་གནས་དང་། དངོས་ཡོད་མི་གྲངས། དངོས་ཡོད་ཁང་པ། དངོས་ཡོད་ཚན་པ་བཅས“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུའི་ལས་དོན་མུ་མཐུད་སྤེལ་ནས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་ལ“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དོན་སྙིང་འགྲེལ་བཤད་བརྒྱབ་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། འཁོར་རྭ་མངགས་གཏོང་ཁང་གིས་མང་ཚོགས་དང་འབྲེལ་བ་དམ་ཟབ་བཙུགས་ཏེ“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”གྱི་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུ་དང་དྲིལ་བསྒྲགས་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས“ཚད་ལྡན་གཅིག་དང་དངོས་ཡོད་གསུམ”ལ་གྲངས་གཞིའི་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།