དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་གི་རིག་རྩལ་འཁྲབ་སྟོན་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-28

    གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་། བཅའ་ཁྲིམས་ཁྱབ་གདལ་གཞུང་ལས་ཁང་གིས་མཉམ་དུ་གཉེར་བའི“2024ལོའི་བཅའ་ཁྲིམས་སེམས་སུ་ཟུག ཁྲིམས་ཀྱིས་སྲུང་སྐྱོང་བྱེད”ཅེས་པའི་ཁྲིམས་སྐྱོང་གི་རིག་རྩལ་འཁྲབ་སྟོན་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་བསམ་གྲུབ་རྩེ་ཆུས་ཀྱི་ཆུ་མིག་ཤང་དུ་འགོ་ཚུགས་པ་རེད།

    བྱེད་སྒོ་དེ《བཀྲ་ཤིས་ཞོལ་པ》ཞེས་པ་འཁྲབ་སྟེ་ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཏུ་བཏང་བ་ནས་འགོ་བརྩམས་ཤིང་། གར་མཁན་ཚོས་ལུས་ལ་མི་རིགས་ཀྱི་གཟབ་མཆོར་སྤྲས་ནས་ཞབས་བྲོ་འཁྲབ་ལ། གཏམ་བརྗོད་ཟློས་གར་ཐུང་གྲས《ཁ་བསླུས་ཀྱི་གཡོ་འོག་ཏུ་མི་ཚུད་པ》ཞེས་པ་ལས་གསོན་ཉམས་དོད་པོས་འཁྲབ་སྟོན་དང་དོན་དངོས་ཀྱི་དཔེ་གཞི་བསྟན་པ་ལས་ལྟད་མོ་བའི་ཡིད་དབང་འཕྲོག་ཡོད། བྱེད་སྒོ་ཧྲིལ་པོས་རིག་རྩལ་གཞི་རྟེན་དུ་བྱས་པའི་ཁར་ཁྲིམས་སྐྱོང་གི་འདུ་ཤེས་དེའི་ནང་བཅུག་སྟེ་མི་རྣམས་ལ་དགོད་སྒྲའི་ཁྲོད་ནས་ཁྲིམས་སྐྱོང་གི་སློབ་གསོ་ཟབ་མོ་ཐེབས་སུ་བཅུག་པ་མ་ཟད། བྱ་དགའ་ཡོད་པའི་ཤེས་བྱའི་ལན་འདེབས་བཀོད་སྒྲིག་བྱས་ནས་ས་གནས་ས་ཐོག་གི་རྣམ་པ་འཁྲུག་ཏུའང་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།