དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་གྱིས་ཐ་མག་རྫུན་མ་ཚོང་མཁན་གྱི་ཚོགས་པ་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-26

    པར་འདི་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་མཁོ་འདོན་བྱས།

    2024ལོའི་ཟླ་5ཚེས་6ཉིན། “ངའི་ནང་ལ་ཐ་མག་ཚོང་མཁན་ཞིག་སླེབས་བྱུང་། ཕལ་ཆེར་ཐ་མག་རྫུན་མ་འདྲ་པོ་འདུག”ཅེས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་མང་ཚོགས་ཀྱི་ཐེར་འདོན་འབྱོར། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ཐ་མག་དེ་དག་ལ་བརྟག་དཔྱད་བྱས་པ་བརྒྱུད། ཐ་མག་ཚང་མའི་ཐོ་འགོད་ཚོང་རྟགས་རྫུན་མ་ཡིན་པ་མ་ཟད་སྤུས་ཚད་ལོན་མེད་པ་ཤེས་རྟོགས་བྱུང་བ་རེད།

    ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་གནད་དོན་དེར་ཚད་མཐོའི་མཐོང་ཆེན་གྱིས་ཆེད་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཁུངས་སྣེ་བརྒྱུད་དེ་གྲལ་བཤེར་བྱས་པར་ལྷ་ས་གྲོང་ཁྱེར་དུ་ཐ་མག་རྫུན་མ་ཚོང་མཁན་གྱི་ཚོགས་པ་ཞིག་ཡོད་པ་དེས་ཁྲིམས་འགལ་གྱི་ཁེ་བཟང་རག་ཐབས་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཞིང་། གྱོད་གཞིའི་གནས་ཚུལ་ཚབས་ཆེ་བ་དང་ཉེས་དོན་གྱི་ནག་ཉེས་བསགས་པའི་དོགས་གཞི་ཡོད་སྟབས། ཟླ་5ཚེས་8ཉིན། ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་གྱོད་གཞི་དེ་སྤྱི་བདེ་སྡེ་ཚན་ལ་རྩིས་སྤྲད་པ་རེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཉིང་ལག་རུ་ཁག་གིས་ཟླ་5ཚེས་29ཉིན་དངོས་སུ་གྱོད་ཐོ་བཀོད་ནས། རྡོ་ཐ་ཆེད་ཚོང་ཅུས་དང་མཉམ་དུ་ཆེད་དོན་ཚོགས་ཆུང་འཛུགས་རྒྱུའི་ཐག་བཅད་པ་རེད།

    ཆེད་དོན་ཚོགས་ཆུང་གིས་ཟླ་བ་གཅིག་ཙམ་སྒུག་བརྒྱབ་མཐར། ཐ་མག་རྫུན་མ་ཚོང་མཁན་ཚོགས་པའི་ཐ་མག་ལེན་ས་དང་། སྐྱེལ་ས། ཚོང་ས་བཅས་རྩད་ཆོད་པ་དང་། ཟླ་7ཚེས་16ཉིན་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་རའི་ཚོང་ཁང་ཞིག་དང་། སྟོད་ལུང་བདེ་ཆེན་ཆུས་ཟོག་འགྲེམས་ཀུང་སི་ཞིག་གི་སྡེབ་ཚོང་ཁྲོམ་རའི་མཛོད་ཁང་ཞིག ལྷ་ས་གྲོང་ཁྱེར་ཐན་ཧའེ་ལམ་གྱི་ཚོང་ཁང་ཞིག ལྷ་ས་གྲོང་ཁྱེར་གྲོང་ཤར་གྱི་མྱུར་སྐྱེལ་ས་ཚིགས་ཤིག་བཅས་ལ་བརྟག་དཔྱད་བྱས་པ་རེད། གོང་གི་ས་ཆ་བཞི་པོ་ནས་ཐོ་འགོད་ཚོང་རྟགས་རྫུན་མའི་དོགས་པ་ཡོད་པ་མ་ཟད་སྤུས་ཚད་ལོན་མེད་པའི་ཐ་མག་རྡར་ཚན་1756རྩད་ཆོད་པ་དང་། ཆེད་དོན་ཚོགས་ཆུང་གིས་བརྟག་དཔྱད་དཔང་ལེན་གཏིང་ཟབ་བྱས་པ་བརྒྱུད། ལི་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཐན་ཆེ་གེ་མོ། ལིའུ་ཆེ་གེ་མོ་སོགས་ཀྱིས་རྫུན་ལྷད་ཞན་གསུམ་གྱི་ཐ་མག་འཚོང་བའི་ཁྲིམས་འགལ་གྱི་ཉེས་གསོག་དོན་དངོས་རྩད་ཆོད་ཡོད། མིག་སྔར། གྱོད་གཞི་འདི་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།