དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས།

    གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྱི་བཅོས་སྒྲིག་བྱ་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-26

    འདི་ནི་ལས་དོན་པས་གློག་སྒུལ་རྐང་འཁོར་ཚོང་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། སྦྲ་ཆེན་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་ལས་ཀའི་དོན་དངོས་ལ་གཞི་ཚུགས་ཏེ་འགན་འཁྲིར་ཤུགས་སྣོན་དང་། འབྱུང་རྩ་ནས་བཅོས་སྒྲིག མཐུན་སྦྱོར་སྐུལ་འདེད། དྲིལ་བསྒྲགས་སློབ་གསོ་བཅས་ཟུང་འབྲེལ་གྱི་བྱེད་ཐབས་བརྒྱུད་གློག་སྒུལ་རྐང་འཁོར་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་བཅོས་སྒྲིག་གི་བྱ་སྤྱོད་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

    རུ་ཆེན་གྱི་དྲིལ་བསྒྲགས་པས་གྲོང་མིའི་ཁུལ་ཆུང་དང་གློག་སྒུལ་རྐང་འཁོར་ཕྱིར་ཚོང་བྱ་ཡུལ་སོགས་སུ་བསྐྱོད་དེ“སྒོ་བརྡུངས་ནས་དུད་ཚང་དུ་སྐྱོད་པའི”དྲིལ་བསྒྲགས་བྱེད་སྟངས་ནས་ཚོང་དུད་དང་དེ་བཞིན་འགྲོ་འོང་བྱེད་མཁན་མང་ཚོགས་ལ《གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་སྔོན་འགོག》གི་དྲིལ་བསྒྲགས་དཔྱད་ཡིག་སྤྲད་དེ། གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ཐོན་རྐྱེན་དང་གློག་སྒུལ་རྐང་འཁོར་གྱི་མེ་སྐྱོན་ཇི་ལྟར་ཐོན་མིན་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། དེས་མ་ཚད་མང་ཚོགས་ལ་གློག་སྒུལ་རྐང་འཁོར་ཐེམ་སྐས་དབར་དང་། ཁ་འགྲེམ་བགྲོད་ལམ། བདེ་འཇགས་ཐོན་སྒོ་བཅས་སུ་མི་འཇོག་པ་དང་དེའི་རྒྱུད་དུ་གློག་གསོག་པ་གཏན་འགོག་དང་རང་དགར་གློག་སྒུལ་རྐང་འཁོར་ལྷུ་སྒྲིག་དང་བཅོས་སྒྲིག་བྱེད་མི་རུང་བའི་དྲན་སྐུལ་བྱས་པ་རེད། དེ་དང་ཆབས་ཅིག་སྡེ་ལས་ཞབས་ཞུའི་ཁེ་ལས་ལ་མེ་ཟོན་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་དྲན་སྐུལ་དང་དྲིལ་བསྒྲགས་ལས་དོན་ཡག་པོ་སྒྲུབ་དགོས་པའི་མངགས་བཅོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།