དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགོན་སྡེར་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-26

    ཉེ་ཆར། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལྷུན་གྲུབ་རྫོང་རྭ་སྒྲེང་དགོན་པར་མེ་ཟོན་དྲིལ་བསྒྲགས་དགོན་སྡེར་སྤེལ་བའི་བྱེད་སྒོ་སྤེལ་ཞིང་། དགོན་སྡེའི་དོ་དམ་ཨུ་ལྷན་དང་། གྲྭ་བཙུན། དགོན་སྡོད་མངགས་གཏོང་ཁང་། དགོན་སྡེའི་ལས་དོན་པ་སོགས་ཚང་མ་ཞུགས་པ་རེད།

    དྲིལ་བསྒྲགས་པས་དགོན་སྡེར་གནས་པའི་དཔེ་མཚོན་མངོན་མེད་རྐྱེན་ངན་དང་། སྤྱོད་དགོས་པའི་བྱ་ཐབས། མེ་ཟོན་བདེ་འཇགས་ཀྱི་གཞི་རྩའི་རྒྱུན་ཤེས། མེ་གསོད་ཉེན་གཡོལ་བྱེད་ཐབས་སོགས་ཀྱི་ཐད་འགྲེལ་བཤད་བརྒྱབ་པ་མ་ཟད། བགོ་འགྲེམས་བྱེད་སྒོ་ཡང་སྤེལ་བ་རེད།

    བགོ་འགྲེམས་བྱེད་སྒོ་མཇུག་འགྲིལ་རྗེས་གྲྭ་བཙུན་དང་དགོན་སྡེའི་ལས་དོན་པས་སྦྱངས་པའི་ཤེས་བྱ་ལག་ལེན་དངོས་ལ་འཁྱོལ་ནས་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ནུས་པ་ཆེ་རུ་གཏོང་ཆེད། མེ་ཟོན་བས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དགོན་སྡེའི་ལས་དོན་པར་མེ་གསོད་ཡོ་བྱད་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་དང་། བཀོལ་སྤྱོད་བྱེད་སྟངས། བྱེད་ནུས་ཁྱད་ཆོས། དོ་སྣང་བྱེད་དགོས་རིགས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་འབྲེལ། ས་གནས་ས་ཐོག་ཏུ་མེ་གསོད་ཡོ་བྱད་བཀོལ་སྤྱོད་བྱེད་སྟངས་དཔེ་སྟོན་ཡང་བྱས་ཡོད། དེ་རྗེས་གྲྭ་བཙུན་དང་དགོན་སྡེའི་ལས་དོན་པ་སྒྲིག་འཛུགས་བྱས་ཏེ་བཀོལ་སྤྱོད་སྦྱོང་བརྡར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།