དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་གིས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-26

    འདི་ནི་གསོ་སྦྱོང་སློབ་ཚན་ཐོག་མི་དམངས་ཉེན་རྟོག་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་བཞིན་པ།

    ཉེ་ཆར། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་རུ་ཁག་གིས་ཁོའོ་རིམ་པ་དང་དེ་མན་གྱི་ཏང་ཡོན་མི་དམངས་ཉེན་རྟོག་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

    གསོ་སྦྱོང་འཛིན་གྲྭ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་གཉེར་ཞིང་། བོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་དང་ཁྲིམས་སྒྱུར་བརྟག་དཔྱད་ལས་དོན་ལ་དམིགས་ནས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་གཅིག་སྡུད་སློབ་སྦྱོང་དང་། བགྲོ་གླེང་སྤེལ་རེས། རང་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད། སྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། བཞེད་པ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་བོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་དང་ཁྲིམས་སྒྱུར་བརྟག་དཔྱད་ལས་དོན་གྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཁྲིམས་སྒྱུར་བརྟག་དཔྱད་ཀྱི་འཐབ་ནུས་གསར་པ་ཆེ་རུ་གཏོང་བའི་ཞིབ་ཕྲའི་བསམ་ཕྱོགས་དང་ལས་ཀ་བྱེད་སྟངས་སུ་གྱུར་པར་བྱས་ཏེ། བོད་ཀྱི་འགག་སྒོའི་མཐའ་མཚམས་ས་ཁུལ་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་ཧུར་ཐག་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།