དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་ལྗོངས་ཀྱིས་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དབར་གྱི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་སྤེལ་རེས་གྲོས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། ཚོགས་འདུར་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་པུའི་བཀོད་སྒྲིག་བླང་བྱར་དམིགས་ཏེ། རང་ལྗོངས་ཀྱི་མི་དམངས་ཁྲིམས་ཁང་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དབར་གྱི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་ནས་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་དང་། དགེ་མཚན་ལྡན་པའི་མཉམ་འགུལ་བྱེད་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བོད་དུ་ལག་ལེན་བསྟར་རྒྱུར་ཞབས་འདེགས་དང་འགན་སྲུང་དེ་བས་ལེགས་པར་བྱ་ཆེད་ཁྲིམས་སྐྱོང་གི་འདེགས་སྐྱོར་བྱས་ཡོད།

    ཚོགས་འདུར་ལྗོངས་ཡོངས་ཀྱི་ཁྲིམས་འཛིན་འདྲི་གཅོད་དང་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དབར་གྱི་སྤེལ་རེས་གྲོས་མོལ་ལམ་སྲོལ་བཙུགས་པ་ནི་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་ཀའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མཉམ་དུ་ཤུགས་བརྒྱབ་ནས་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གྱི་འགོ་འཛུགས་ས་དང་དམ་འཛིན་བྱ་གཞི་གལ་ཆེན་ལ་ཞབས་འདེགས་ཞུ་བར་འགན་ལེན་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    ཚོགས་འདུར་ཞིབ་འཇུག་བྱས་ནས《མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་བསམ་འཆར》དང《2024ལོ་ནས་2025ལོ་བར་གྱི་མཉམ་ལས་དོན་གནད་ཀྱི་གསལ་ཐོར》གྲོས་འཆམ་བྱུང་ནས་མཐུན་སྦྱོར་ལམ་སྲོལ་ལ་བརྟེན་ནས་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།