དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྣ་དཀར་རྩེ་རྫོང་གིས་ཡུལ་སྐོར་ཁྲོམ་རར་ཆེད་དོན་ཁྲིམས་སྒྱུར་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཡག་པོ་སྔར་བས་སྲུང་སྐྱོང་བྱས་ནས་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་ཆེད། ཉེ་ཆར་སྣ་དཀར་རྩེ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རྫོང་མཛེས་ལྗོངས་ཁུལ་དོ་དམ་ཅུས་དང་། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། དཔལ་སྡེ་ཤང་མངགས་གཏོང་ཁང་། གྲ་མ་ལུང་འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་བཅས་དང་མཉམ་དུ་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ“ལག་གདང་སྦྲེལ་ནས་ཡུལ་སྐོར་ཁྲོམ་རར་སྲུང་སྐྱོང་བྱས་ཏེ་སྤྲོ་སྣང་ལྡན་པའི་ཡུལ་སྐོར་དུས་ཚོད་མཉམ་དུ་ལོངས་སུ་སྤྱོད”ཅེས་པའི་ཆེད་དོན་ཁྲིམས་སྒྱུར་ཞིབ་བཤེར་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་བར་བདེ་འཇགས་དང་བག་ཕེབས་ཀྱི་འགྲོ་སྐྱོད་ཆ་རྐྱེན་བཏོད་དེ། རྫོང་དེ་ཡོངས་ཀྱི་དགུན་དུས་ཡུལ་སྐོར་ཁྲོམ་ར་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་པ་རེད།

    ཁྲིམས་སྒྱུར་ཞིབ་བཤེར་བྱེད་རིང་། ཁྲིམས་སྒྱུར་མི་སྣས་ས་ཚིགས་བཙུགས་ནས་ཞིབ་བཤེར་བྱེད་པ་དང་གཞུང་ལམ་ཐོག་སྐོར་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཡུལ་སྐོར་འཁོར་རིགས་ལ་ཞིབ་བཤེར་ནན་པོ་བྱས་པ་དང་། ཤེས་རྟོགས་བྱུང་བའི་ཁྲིམས་འགལ་གཉེར་སྐྱོང་བྱེད་སྤྱོད་ཁྲིམས་ལྟར་ཐག་གཅོད་བྱས་པ་དང་འབྲེལ་ཡུལ་སྐོར་འཁོར་རིགས་ཀྱི་ཁ་ལོ་བར་བདེ་འཇགས་སློབ་གསོ་དང་ཞབས་ཞུའི་དྲན་སྐུལ་ཡང་བྱས་པ་རེད། དེ་དང་ཆབས་ཅིག་ཡུལ་སྐོར་བར་ཡུལ་སྐོར་རླངས་འཁོར་དང་ཡུལ་སྐོར་ལས་དོན་ཁང་གི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེར་འདོན་ཧུར་ཐག་བྱས་ནས་ཐུན་མོང་ཐོག་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཡག་པོ་སྲུང་སྐྱོང་བྱེད་དགོས་པའི་ལྕག་སྐུལ་ཡང་བྱས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནང་གཙོ་བོ་ཡུལ་སྐོར་རླངས་འཁོར་གྱི་ལག་ཁྱེར་མེད་པར་སྐྱེལ་འདྲེན་བྱེད་པ་དང་། འགྲུལ་པ་ཚད་ལས་བརྒལ་ནས་བླུགས་པ། སྒྲིག་འགལ་ངང་རླངས་འཁོར་གཏོང་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་དམིགས་ནས་བཅོས་སྒྲིག་བྱས་པ་དང་། སྡེ་ཚན་མང་པོས་མཉམ་འབྲེལ་ཐོག་ཁྲིམས་སྒྱུར་བྱས་པ་བརྒྱུད་རྫོང་དེ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།