འབྲི་རུ་རྫོང་གིས་དུག་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།
ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དུག་ཤེས་དང་དུག་འགོག་གི་འདུ་ཤེས་ཟབ་ཏུ་དང་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། དུག་འགོག་ཤེས་བྱ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་པ། དམངས་ཡོངས་ཞུགས་པ་དང་ཕྱར་བ་གྲུ་འདེགས་ཀྱི་དུག་འགོག“གྲོང་གཏོད”ཀྱི་རྣམ་པ་གཏོད་པ་བཅས་བྱ་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གྲོང་གཏོད་གཞུང་ལས་ཁང་གིས་ཤང་དང་གྲོང་རྡལ་ཁག་གི་མངགས་གཏོང་ཁང་དང་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་སྒྲིག་འཛུགས་བྱས་ཏེ་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཁྱོན་དྲིལ་བསྒྲགས་དཔྱད་ཡིག་200ལྷག་ཙམ་སྤྲད་པ་དང་མང་ཚོགས་300ལྷག་ཙམ་ལ་སློབ་གསོ་ཐེབས་པ་རེད། དྲིལ་བསྒྲགས་བྱས་པར་བརྟེན། རྒྱ་ཆེའི་མང་ཚོགས་ཀྱིས་དུག་རྫས་ཀྱི་གནོད་འཚེར་སྔར་ལས་ངོས་འཛིན་གཏིང་ཟབ་ཐུབ་པ་མ་ཟད། སྔོན་འགོག་གི་འདུ་ཤེས་ཀྱང་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད། དུག་འགོག་གི་འཐབ་རྩོད་ནང་ཧུར་ཐག་ཞུགས་ནས་རང་ཉིད་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱུས་མེད་མིའི་མགོ་སྐོར་བསླུ་བྲིད་ལ་རང་དགར་ཡིད་ཆེས་མི་བྱེད་པ། དུག་འབྲེལ་བྱེད་སྒོ་སྤེལ་ཡུལ་དུ་མི་སྐྱོད་པ་བཅས་བྱས་ཏེ། ཞི་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཐུན་མོང་ཐོག་སྲུང་སྐྱོང་གིས་དུག་འགོག་གི་དཔེ་སྟོན་གྲོང་ཁྱེར་བསྐྲུན་རྒྱུར་རྨང་གཞི་བརྟན་པོ་འདིང་གི་ཡིན་ཞེས་ཚང་མས་གཅིག་རྗེས་གཉིས་མཐུད་ངང་བཤད།