དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཉེན་རྟོག་པ་དང་སེམས་བཟང་ཅན་གྱིས་ནེ་ཙོ་ཞིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    འདི་ནི་སེམས་རྩ་འཁོལ་བའི་མང་ཚོགས་དང་། མི་དམངས་ཉེན་རྟོག་པ། རོགས་སྐྱོབ་ས་ཚིགས་ཀྱི་ལས་དོན་པ་བཅས་ཀྱིས་བསྐྱབས་པའི་རྨས་སྐྱོན་ཕོག་པའི་ནེ་ཙོ་ཡིན་པ།

    འདི་ནི་བསྐྱབས་པའི་ནེ་ཙོ་ཡིན་པ།

    འདི་ནི་ནེ་ཙོ་ལ་གློག་པར་རྒྱག་བཞིན་པ།

    ཉེ་ཆར་སེམས་རྩ་འཁོལ་བའི་མང་ཚོགས་གཉིས་བྲག་ཡིབ་ཆུས་སྤྱི་བདེ་ཅུས་གྲོང་གསར་མངགས་གཏོང་ཁང་དུ་ཡོང་ནས་སྒམ་ཞིག་མི་དམངས་ཉེན་རྟོག་པར་སྤྲད། ཁོ་གཉིས་བདེ་སྐྱིད་ཁུལ་ཆུང་གི་འདམ་རའི་སྤྱི་གླིང་དུ་འཆམ་འཆམ་བྱེད་སྐབས། རྐང་པ་ཡ་གཅིག་ལ་རྨས་སྐྱོན་ཕོག་ནས་འཕུར་ཐབས་བྲལ་བའི་ནེ་ཙོ་ཞིག་མཐོང་བ་རེད། ཁོང་གཉིས་ཀྱིས་ནེ་ཙོའི་རྨ་ཁར་རྨ་རས་དཀྲིས་རྗེས་ནེ་ཙོ་དེ་སྒམ་ནང་བླུགས་ཏེ་མངགས་གཏོང་ཁང་དུ་བསྐྱལ་ནས་རོགས་སྐྱོབ་བྱེད་རོགས་ཞུས། མི་དམངས་ཉེན་རྟོག་པས་རང་སར་དབྱེ་འབྱེད་བྱས་པ་བརྒྱུད། ནེ་ཙོ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཡིན་པའི་ནེ་ཙོ་ལྗང་མདོག་རེད། རོགས་སྐྱོབ་ས་ཚིགས་ཀྱི་ལས་དོན་པས་ནེ་ཙོའི་ལུས་ལ་ཞིབ་བཤེར་ནན་པོ་བྱས་རྗེས། ནེ་ཙོའི་རྐང་པར་རྨ་ཕྲན་བུ་ཡོད་པ་ཤེས།

    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར། སེམས་རྩ་འཁོལ་བའི་མང་ཚོཌ་དང་། མི་དམངས་ཉེན་རྟོག་པ། ཆེད་ལས་མི་སྣ་བཅས་ཀྱི་བྱམས་བརྩེའི་རོགས་རམ་འོག ནེ་ཙོ་དེ་ཉེན་ཁ་ནས་ཐར་བ་དང་རྨ་ཁ་སོས་རྗེས་རང་བྱུང་ཁམས་སུ་གློད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།