དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་དུག་འགོག་གཞུང་ལས་ཁང་གིས།

    ཁོངས་གཏོགས་ཁུལ་གྱི་སློབ་གྲྭར་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    འདི་ནི་དུག་འགོག་དྲིལ་བསྒྲགས་བྱ་ཡུལ་ཡིན་པ།

    དུག་རྫས་ངོ་ཆོད་པ་དང་། དུག་རྫས་འགོག་པ། དུག་རྫས་ལ་མ་རེག་པ་བཅས་ཀྱི་རྒྱ་ཆེའི་གཞོན་ནུ་ལོ་ཆུང་གི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་ཆེད། ཉེ་ཆར་སོག་རྫོང་དུག་འགོག་གཞུང་ལས་ཁང་གིས་ཚན་པ་མང་པོ་དང་མཉམ་འབྲེལ་ཐོག་ཁོངས་གཏོགས་ཁུལ་གྱི་སློབ་གྲྭར“དུག་འགོག་གི་འཁོར་སྡེར་ཆེན་པོར་བརྟེན་ནས་སྨན་གང་བྱུང་དུ་སྤྱོད་པའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། སོག་རྫོང་དུག་འགོག་གཞུང་ལས་ཁང་གི་ལས་དོན་པས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་གལ་ཆེན་དང་དོན་སྙིང་རྒྱས་བཤད་བྱས་པ་དང་། སོག་རྫོང་མི་དམངས་སྨན་ཁང་གི་ལས་དོན་པས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ལ་སྨན་རྫས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་དང་སྨན་གང་བྱུང་དུ་སྤྱོད་པའི་གནོད་འཚེ་དང་དེ་བཞིན་སྨན་གང་བྱུང་དུ་སྤྱོད་རྒྱུ་སྔོན་འགོག་གི་ཞིབ་ཕྲའི་བྱ་ཐབས་འགྲེལ་བཤད་བརྒྱབ་པ་རེད།

    མཇུག་ཏུ། དུག་འགོག་གཞུང་ལས་ཁང་གིས་ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ལན་ཧུར་ཐག་རྒྱག་མཁན་གཞོན་ནུ་ལོ་ཆུང་ལ“དུག་འགོག་སྲུང་དམག་ཆུང་ཆུང”གི་གཟེངས་བསྟོད་ལག་ཁྱེར་སྤྲད་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བརྒྱུད། དུག་འགོག་ལས་དོན་ནང་གཞོན་ནུ་ལོ་ཆུང་ཞུགས་པའི་ཧུར་སེམས་དང་འགན་སེམས་འཕེལ་བ་མ་ཟད། དུག་འགོག་དང་ཁྲིམས་སྐྱོང་གི་རྣམ་པ་ཟབ་མོའང་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།