དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་བརྗོད་དོན་གཙོ་བོའི་ཉམས་ལེན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ས་ཁུལ་སྡེ་ཚོཌ་ཨུ་ལྷན་དང་མཉམ་དུ་དུས་ཡུན་གཟའ་འཁོར་གཅིག་གི“དད་སེམས་རྣམ་དག་བཅངས་ནས་འགན་འཁྲི་ཧུར་ཐག་བསྒྲུབས”པའི་བརྗོད་དོན་གཙོ་བོའི་ཉམས་ལེན་བྱེད་སྒོ་སྤེལ་བ་རེད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཆབ་སྲིད་ལས་དོན་སྡེ་ཚན་གྱིས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་བྱས་ནས་ཉིན་རེའི་སྦྱོང་བརྡར་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱས་ཐོག་ཉིན་གཅིག་གི་འཚོ་བའི་ལམ་ལུགས་ཚད་གཞིར་བྱས་ཏེ་ནང་ལས་ལེགས་སྒྲིག་དང་། རུ་སྒྲིག་སྦྱོང་བརྡར། པན་དང་ཚོ་ཆུང་གི་སྦྱོང་བརྡར། ནང་སྦྱོང་ལ་རྒྱུས་མངའ་ལེན་པ་སོགས་ཀྱི་དངོས་སྦྱོང་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་རེད། ཉམས་ལེན་བྱེད་སྒོའི་ནང་ཞུགས་མཁན་གཞོན་ནུ་དང་བླངས་པ་ཚོས་མེ་ཟོན་དང་བླངས་པར་ཐོ་འགོད་བྱས་པ་མ་ཟད། ད་དུང་སོ་སོས་སྦྱངས་པའི་མེ་ཟོན་ཤེས་བྱ་སྤྱད་དེ་མེ་ཟོན་བཀོད་འཐབ་པ་དང་མཉམ་དུ་གཟིགས་འབུལ་འཁྲབ་སྟོན་ཡང་བྱས་པ་རེད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། ཐེངས་འདིའི་ཉམས་ལེན་བྱེད་སྒོ་བརྒྱུད་གཞོན་ནུ་དང་བླངས་པས་མེ་ཟོན་གེགས་སེལ་སྐོར་གྱི་ཤེས་བྱ་རྟོགས་པ་མ་ཟད། ཁོང་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཀྱང་སྔར་བས་ཟབ་ཏུ་ཕྱིན་ཡོད། གཞོན་ནུ་དང་བླངས་པ་ཚོས་མེ་ཟོན་བཀོད་འཐབ་པ་དང་མཉམ་དུ་སྦྱོང་བརྡར་བྱས་ནས་ཐུན་མོང་ཐོག་ཡར་ཐོན་བྱུང་ནས་དཔུང་ཁག་སྒྱུར་བཅོས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མེ་ཟོན་རོགས་སྐྱོབ་མི་སྣ་རང་འགུལ་ངང་སྒྱུར་བཅོས་ལས་དོན་ནང་ཞུགས་པ་དང་། བློ་རྩ་བརྟན་པོས་འགན་འཁྲི་བསྒྲུབས་ནས་ཡར་རྒྱས་ཡོང་བར་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་མངོན་པ་དང་ཆབས་ཅིག ལྷག་བསམ་རྣམ་དག་གིས་དམངས་ལ་ཞབས་འདེགས་ཞུ་བའི་དམ་བཅའ་བརྟན་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།