སྨན་གླིང་གྲོང་ཁྱེར་གྱིས།
“སྐུལ་འདེད་གསུམ”ལ་བརྟེན་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་པོ་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་གྱིས་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་འགོ་འཛུགས་ས་གསར་པར་གཞི་ཚུགས་ནས། གོ་སྐབས་གསར་པར་དམ་འཛིན་གྱིས་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་མ་དངུལ་འགན་ལེན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་5.26བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་ཡོད།
“ལྗང་མདོག་ཅན”གྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། རྣམ་གྲངས་ལ་ཞིབ་མཆན་འགོད་རྒྱུར་དམ་འཛིན་ནན་པོ་བྱས་ནས། འཛུགས་སྐྲུན་རྣམ་གྲངས་ཀྱིས་ཁོར་ཡུག་ལ་ཤུགས་རྐྱེན་ཇི་ཡོང་གི་གདེང་འཇོག་དང་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་བསྟར་འཆར་འགོད་བྱས་ཏེ“མཐོ་བ་གསུམ་དང་དམའ་བ་གཅིག”གི་རྣམ་གྲངས་ལ་ཞིབ་མཆན་མི་འགོད་པར་ནང་འདྲེན་བྱས་ཡོད། རྒྱལ་ཁབ་ས་ཆ་སྔོ་འགྱུར་དང་། ཡར་ཉང་ལུང་གཞུང་གི་སྐྱེ་ཁམས་སླར་གསོ། ནགས་ཁྲོད་རི་སྐྱེས་ཀོ་ཤ་འདེབས་འཛུགས། ཆུའི་གཏོར་སྐྱོན་ཕོག་པའི་ལས་གྲྭ གད་སྙིགས་ས་སྦས་གཏོང་སའི(དུས་ཐེངས་གཉིས་པའི)རྣམ་གྲངས་སོགས་སྐྱེ་ཁམས་རྣམ་གྲངས་ལག་ལེན་བསྟར་ནས། ཤིང་འཛུགས་ནགས་བཟོ་མུའུ་1600བྱས་ཏེ་ནགས་ཚལ་ཁེབས་ཚད་53%ཡན་ཟིན་པར་བྱས་ཏེ་སྨན་གླིང་གི་ནམ་མཁའ་དེ་བས་གཡའ་དག་པ་དང་། རི་བོ་དེ་བས་སྔོ་བ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་པ་བཅས་ཡོང་བར་བྱས་ཡོད།
“རྒྱུན་རྣམ་ཅན”གྱི་སྐྱེ་ཁམས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། “ཆུ་དཔོན་དང་མཚོ་དཔོན”དང“ནགས་དཔོན”ཟུང་དུ་འབྲེལ་བའི་ཕུགས་ཕན་དང་རྒྱུན་རྣམ་ཅན་གྱི་ལས་དོན་གཏིང་ཟབ་སྤེལ་ནས། རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོར་སྐོར་གཡེང་ཐེངས་1100ལྷག་ཙམ་བྱས་པ་དང་། ནགས་དཔོན་གྱིས་ནགས་ཚལ་ལ་སྐོར་གཡེང་ཐེངས་3300ལྷག་ཙམ་བྱས་པ། ཆུ་ལམ་གྱི“ཟང་ཟིང་གནད་དོན་བཞིར”ལྟ་སྐུལ་ཞིབ་བཤེར་ཐེངས་27དང་ནགས་ལས་ཀྱི་ཆེད་དོན་ཞིབ་བཤེར་ཐེངས་26བྱས་པས། ཆུ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཁག་16དང་ནགས་ཚལ་གྱི་མངོན་མེད་རྐྱེན་ངན་ཁག་3ཤེས་རྟོགས་བྱུང་ཡོད།
“ཚན་རིག་ཅན”གྱི་སྐྱེ་ཁམས་སྲུང་སྐྱོང་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། གྲོང་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་བཅས་རྒྱུན་རྣམ་ཅན་གྱི་དོ་དམ་དང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཆུ་དང་། རླུང་ཁམས་ཆེན་པོ། ས་སྤུས་སོགས་ལ་ལྟ་ཞིབ་ཚད་ལེན་ཐེངས་7བྱས་ནས་མཁའ་རླུང་གི་སྤུས་ཚད་ཚང་མ་Ⅱརིམ་པའི་ཚད་གཞིར་སླེབས་པ་དང་། ས་ངོས་ཀྱི་ཆུ་དང་གྲོང་ཁུལ་གྱི་གཅིག་སྡུད་འཐུང་ཆུའི་ཚད་གཞི་ཚང་མ་Ⅱརིགས་ཀྱི་ཆུ་སྤུས་ཚད་གཞིར་སླེབས་ཡོད།