དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དྲིལ་བསྒྲགས་བྱ་ཐབས་གསར་པ་བཏོད། འགོག་སྲུང་འཛིང་རགས་བརྟན་དུ་བཏང་།

    —— གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྟོན་དུས་ཀྱི་མེ་ཟོན་དྲིལ་བསྒྲགས་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-15

    སྟོན་དུས་ཀྱི་མེ་ཟོན་ལས་དོན་ཏན་ཏིག་ཡག་པོ་བསྒྲུབས་ནས་སྤྱི་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་མེ་སྐྱོན་འགོག་ནུས་ཆེ་རུ་བཏང་སྟེ། སྟོན་དུས་ཀྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་པོ་ཡོང་བའི་འགན་ལེན་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་བྱ་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས་འཚོ་བ་དང་། མང་ཚོགས། དོན་དངོས་བཅས་དང་ཉེ་བཅར་གྱི་དྲིལ་བསྒྲགས་བྱ་ཐབས་སྣ་ཚོགས་བརྒྱུད། སྟོན་དུས་ཀྱི་མེ་ཟོན་དྲིལ་བསྒྲགས་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་རམ་འདེགས་བྱས་པ་རེད།

    གཙོ་གནད་དུས་མཚམས་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཟླ་མཆོད་དུས་ཆེན་དང་། རྒྱལ་སྟོན་དུས་ཆེན། སློབ་འགོ་ཚུགས་པའི་ནམ་དུས། སྟོན་བསྡུའི་ནམ་དུས་སོགས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་སློབ་གྲྭ་དང་། སྡེ་ཁུལ། ཞིང་འབྲོག་ཁུལ་སོགས་སུ་བསྐྱོད་ནས་མེ་ཟོན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་སྒྲོག་འགྲེལ་དང་། བདེ་འཇགས་ངང་མེ་སྤྱོད་པ་དང་། གློག་སྤྱོད་པ། སོལ་རླངས་སྤྱོད་པ་སོགས་ཀྱི་རྒྱུན་ཤེས་སློབ་ཁྲིད་བྱས་པས་སྤྱི་ཚོགས་ཀྱི་ཚོགས་སྤྱི་དང་སློབ་གྲྭའི་དགེ་སློབ་ཚོས་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཡོད་པའི་མེ་ཟོན་ཤེས་བྱ་ཁོང་དུ་ཆུད་དེ་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། མེ་ཟོན་དང་བླངས་པ་དང་། གྲོང་སྡོད་ལས་དོན་རུ་ཁག དགོན་སྡོད་མི་དམངས་ཉེན་རྟོག་པ་སོགས་སྒྲིག་འཛུགས་བྱས་ནས་དང་བླངས་པའི་རུ་ཁག་བཙུགས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། མེ་ཟོན་དང་བླངས་པ་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་ཁུལ་དང་། ཁེ་ལས། སྡེ་ཁུལ་བཅས་སུ་མེ་ཟོན་བདེ་འཇགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།

    གཙོ་གནད་ཁྱབ་ཁོངས་ལ་བརྟེན་ནས་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་བཏང་ཞིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཚོང་ལས་ཁྲོམ་གཞུང་། གཙོ་གནད་དགོན་སྡེ་བཅས་སུ“གངས་ལྗོངས་མེ་ཟོན་ཞབས་ཞུའི་ས་ཚིགས”ཀྱི་མེ་ཟོན་དྲིལ་བསྒྲགས་བློ་འདྲིའི་ལས་སྟེགས་བཙུགས་ནས་སྐོར་སྐྱོད་དྲིལ་བསྒྲགས་རླངས་འཁོར་དང་ཟུང་འབྲེལ་གྱིས་རྒྱུན་རྣམ་ཅན་གྱི་མེ་ཟོན་དྲིལ་བསྒྲགས་ཐེངས་100ལྷག་ཙམ་བྱས་ཡོད། ཕྱི་རོལ་གྱི་LEDབརྙན་ཤེལ་དང་། དྲ་ཁང་གི་གློག་ཀླད་ཀྱི་བརྙན་ཤེལ། KTVཡི་གཞས་འདེམས་བརྙན་ཤེལ། གློག་བརྙན་ཁང་གི་བརྙན་ཤེལ་ཆེན་པོ་བཅས་ནས་མེ་ཟོན་སྤྱི་ཕན་གྱི་བརྙན་ཐུང་དང་མེ་གསོད་དྲན་སྐུལ་པར་གཞི་བསྟན་པ་རེད།

    དམིགས་སའི་མི་ཚོགས་ལ་བརྟེན་ནས་དྲིལ་བསྒྲགས་ལ་དགའ་མོས་བྱེད་ཚད་མཐོ་རུ་བཏང་ཞིང་། གྲོང་ཁྱེར་ཡོངས་ཀྱི་ལས་རིགས་ཁག་གི་ལས་ཀ་བྱེད་མཁན་རིགས་དབྱེ་སྟེ་འཕྲིན་ཐུང་ལས་སྟེགས་ལ་བརྟེན་ནས་སྡེ་ཁུལ་གྱི་དྲ་མིག་པ་དང་། ཐོག་ཁང་གི་ཐོག་ཁང་དཔོན། སྐོར་སྲུང་བདེ་སྲུང་བ། ཚན་པའི་གློག་ལས་བཟོ་པ་བཅས་ལ་ཉིན་ལྟར་མེ་ཟོན་བདེ་འཇགས་ཀྱི་དྲན་སྐུལ་ཐེངས་ཁྲི་10ལྷག་ཙམ་བྱས་པ་དང་། སྐད་འཕྲིན་ལས་དོན་ཚོགས་པ་བརྒྱུད་ཁེ་ལས་ཀྱི་འགན་འཁུར་བ་དང་ཚན་པའི་མེ་ཟོན་བདེ་འཇགས་དོ་དམ་པར་མེ་ཟོན་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མེ་ཟོན་རྒྱུན་ཤེས་སོགས་ཀྱི་ཆ་འཕྲིན་ཐེངས་ཁྲི་2ལྷག་ཙམ་བརྒྱུད་གཏོང་བྱས་ཡོད། སྨན་བཅོས་སྒྲིག་གཞི་དང་། རྒན་གསོའི་ཞབས་ཞུའི་སྒྲིག་གཞི། རིག་དངོས་གནའ་བོའི་སྐྲུན་དངོས། ཁེ་ལས་དང་བྱ་གཞག་ཚན་པའི་མེ་ཟོན་བདེ་འཇགས་ཀྱི་འགན་འཁུར་བ། དྲ་མིག་པ། ལས་རིགས་སྡེ་ཚན། ཤང་དང་གྲོང་རྡལ་གྱི་ཁྲོམ་གཞུང་སོགས་ཀྱི་མི་ཚོགས་ལ་མེ་ཟོན་བདེ་འཇགས་གསོ་སྦྱོང་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ་རེད།

    སྨྱན་སྦྱོར་ལས་སྟེགས་ལ་བརྟེན་ནས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཆེ་རུ་བཏང་ཞིང་། གཞིས་རྩེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་དང་། བརྙན་འཕྲིན། ཚགས་པར་དུས་དེབ་བཅས་སུ་ཆེད་མངགས་ལེ་ཚན་དང་པར་ངོས་བཀོད་སྒྲིག་བྱས་ཏེ། རྣམ་པ་ཀུན་དང་ཤུགས་ཚད་མཐོ་བའི་སྒོ་ནས་མེ་ཟོན་དྲིལ་བསྒྲགས་ཀྱི་སྤྱི་ཕན་མཚམས་སྦྱོར་བརྡ་ཁྱབ་བཏང་བ་དང་འབྲེལ། ཁྱིམ་ཚང་གི་མེ་ཟོན་དང་། འཚོ་བའི་མེ་སྤྱོད། ཉེན་གཡོལ་རང་སྐྱོབ། མགྱོགས་མྱུར་མེ་གསོད་སོགས་ཀྱི་རྒྱུན་ཤེས་གཙོ་བོར་བྱས་པའི་མེ་ཟོན་ཤེས་བྱ་སྒྲོག་འགྲེལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།