དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཆུ་ཤུར་རྫོང་གིས་དམངས་ཁྲོད་བུན་གཡར་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    འདི་ནི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་སྲིད་ཁྲིམས་སྡེ་ཚན་གྱིས་དངུལ་རྩའི་སྒྲིག་གཞི་དང་མཉམ་དུ་གླིང་སྟོད་གྲོང་གསར་དུ“དམངས་ཁྲོད་བུན་གཡར་ཚད་ལྡན་དུ་གཏོང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ཏན་ཏིག་སྲུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    ལས་དོན་པས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་དམངས་ཁྲོད་བུན་གཡར་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་ཁྱབ་ཁོངས་དང་། གཡར་འཛིན་གྱི་ཡང་དག་པའི་འབྲི་སྟངས། དམངས་ཁྲོད་བུན་གཡར་གྱི་རྩོད་གཞི་ཞུ་གཏུག་གི་གོ་ཆོད་དུས་ཡུན་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་རེད། གྱོད་དཔེ་དྲངས་པ་བརྒྱུད་ཁྲིམས་ལུགས་ཁྱབ་གདལ་བཏང་བས་དགོས་མཁོ་ཡོད་པའི་མང་ཚོགས་ཀྱིས་དམངས་ཁྲོད་བུན་གཡར་དང་འབྲེལ་བའི་ཤེས་བྱ་ཐད་ཀར་ཁ་གསལ་ཤེས་པར་རོགས་རམ་ཐུབ་པ་མ་ཟད། ཚང་མར་དགོས་མཁོ་ཡོད་དུས་བཅའ་ཁྲིམས་ལ་བརྟེན་ནས་རྩོད་གཞི་སེལ་བར་ཁྲིད་སྟོན་ཡང་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།