དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་ལུས་ཤུགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    པར་འདི་གཉིས་ནི་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རུ་མིས་སྦྱོང་བརྡར་ཧུར་ཐག་བྱེད་བཞིན་པ།

    ཉིན་ཤས་གོང་། ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་དུས་ཡུན་ཟླ་བ་གཅིག་གི་ལུས་ཤུགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་ཤིང་། གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་འགག་རྩ་གསུམ་ལ་སྟངས་འཛིན་བྱས་ནས། རྩ་བའི་རིགས་པ་ཤེས་པ་དང་། སྦྱོང་བརྡར་བྱེད་འདོད་པ། སྒྲིག་འཛུགས་གསོ་སྦྱོང་བྱེད་ཐུབ་པ་བཅས་ཀྱི་རྐང་འཛིན་པའི་སྟོབས་ཤུགས་ཁག་གཅིག་གསོ་སྦྱོང་བྱས་ཏེ། དཔུང་ཁག་ཕྱོགས་སྒྱུར་སྟོབས་ཆེར་གཏོང་རྒྱུ་དང་བརྟན་ཐོག་ཡར་ཐོན་ཡོང་བར་རམ་འདེགས་བྱས་པ་རེད།

    ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་གསོ་སྦྱོང་གོ་སྐབས་སུ་བྱས་ཏེ་གསོ་སྦྱོང་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་། གསོ་སྦྱོང་གི་གྲུབ་འབྲས་དཔུང་ཁག་ནང་ཁུལ་དུ་གཞི་ཚུགས་ཐུབ་པར་བྱེད་པ། དཔུང་ཁག་གི་འཐབ་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་རྣམ་པ་གསར་པ་ཞིག་གཏོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།