དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས།

    མེ་གསོད་ཡོ་ཆས་བརྗེས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དྲ་བ་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་གླིང་ཆུང་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ཐན་ཧྥུང་བཀྲ་ཤིས་ཞི་མཐུན་གླིང་གི་མེ་ཟོན་ཡོ་ཆས་ཁྱོན་ཡོངས་ནས་བརྗེས་པ་རེད།

    ད་ཐེངས་ཀྱི་མེ་ཟོན་ཡོ་ཆས་བརྗེ་བའི་ལས་དོན་ལ་སྡེ་ཁུལ་འགོ་ཁྲིད་ཀྱིས་མཐོང་ཆེན་བྱས་ནས་ལས་དོན་ཚོགས་ཆུང་ཆེད་མངགས་བཙུགས་ཏེ་ཁུལ་ཆུང་གི་མེ་ཟོན་སྒྲིག་ཆས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་ཤིང་། ཞིབ་བཤེར་བྱས་པ་བརྒྱུད་མེ་ཟོན་ཡོ་ཆས་ཁག་གཅིག་རྙིང་པ་ཆགས་པ་དང་སྐྱོན་ཤོར་བ་སོགས་ཀྱི་རྐྱེན་པས་མེ་ཟོན་བདེ་འཇགས་ཀྱི་དགོས་མཁོ་སྐོང་ཐུབ་མེད་པ་ཤེས་རྟོགས་བྱུང་བ་རེད། ལས་དོན་ཚོགས་ཆུང་གིས་འཕྲལ་མར་བརྗེ་སྒྱུར་གྱི་ཇུས་གཞི་བཟོས་ནས་ཆེད་ལས་མི་སྣ་སྒྲིག་འཛུགས་ཀྱིས་བརྗེ་པོ་བརྒྱབ་པ་རེད།

    ད་ཐེངས་མེ་ཟོན་ཡོ་ཆས་བརྗེ་པོ་བརྒྱབ་པ་དེས་ཚན་པའི་མེ་ཟོན་བདེ་འཇགས་འགན་ལེན་གྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ནས་ཁུལ་ཆུང་གི་བདེ་འཇགས་ཐོན་སྐྱེད་དང་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར་གླིང་ཆུང་སྡེ་ཁུལ་གྱིས་མེ་ཟོན་བདེ་འཇགས་དོ་དམ་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་དུས་བཀག་ལྟར་མེ་ཟོན་ཡོ་ཆས་ལ་ཞིབ་བཤེར་དང་ཉམས་བཟོ་བྱས་ནས། མེ་ཟོན་ཡོ་ཆས་རྒྱུན་གཏན་བཞིན་བེད་སྤྱོད་ཡག་པོ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།