དབུ་ཤོག>ཁྲིམས་ལུགས།>བཅའ་ཁྲིམས་རྒྱུན་ཤེས།
  • འགྲིམ་འགྲུལ་ཤེས་བྱ་དྲིལ་བསྒྲགས་བྱེད་མཚམས་མི་འཇོག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-12

    འདི་ནི་མི་དམངས་ཉེན་རྟོག་པས་སྣུམ་སྣོན་ས་ཚིགས་སུ་དྲིལ་བསྒྲགས་བརྡ་སྦྱོར་སྦྱོར་བཞིན་པ།

    ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་སྟེ་འབྱུང་རྩ་ནས་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་མ་ཐོན་སྔོན་འགོག་དང་ཉུང་དུ་བཏང་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ཆེད། ཉེ་དུས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཞིབ་བཤེར་དང་དེ་བཞིན་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་བྱེད་མཁན་མི་དམངས་ཉེན་རྟོག་པས་དཔྱད་གཞིའི་ཡིག་རིགས་སྤྲོད་པ་དང་། རྒྱ་ཁྱབ་བརྡ་སྦྱོར་སྦྱར་བ། ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་རྒྱག་པ་སོགས་བརྒྱུད་སྣུམ་སྣོན་ས་ཚིགས་ཀྱི་ལས་དོན་པར་མིག་སྔའི་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་ངོ་སྤྲོད་བྱས་ཏེ། ལས་དོན་པར་འགན་འཁྲི་ཏན་ཏིག་བསྒྲུབ་པ་དང་། ཉེན་ཡོད་རྫས་འགྱུར་དངོས་རྫས་དོ་དམ་ལ་ཤུགས་སྣོན་རྒྱག་པ། བཀོལ་སྤྱོད་ཀྱི་བརྒྱུད་རིམ་ནན་དུ་གཏོང་བ་བཅས་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་བ་རེད།

    མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་སྣུམ་སྣོན་ས་ཚིགས་ཀྱི་དམིགས་བསལ་ས་བབ་གནས་ཡུལ་དང་། ཕར་འགྲོ་ཚུར་འོང་གི་འཁོར་རིགས་དང་ཁ་ལོ་བ་མང་བ་བཅས་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས། ཁ་ལོ་བར་ངང་རྒྱུད་རིང་པོས་ར་བཟི་འཁོར་གཏོང་དང་འཆང་བཏུངས་འཁོར་གཏོང་དང་། ལག་ཁྱེར་དང་ཨང་རྟགས་མེད་པ། སྲུང་ཐག་མི་འདོགས་པ། བདེ་འཇགས་རྨོག་ཞྭ་མི་གྱོན་པ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ཀྱི་ཉེན་ཁ་བཤད་དེ། རྒྱ་ཆེའི་རྒྱ་ལམ་འགྲུལ་པར་རང་རྟོགས་ངང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་དང་ཁ་ལོ་བས་རང་རྟོགས་ངང་འགྲིམ་འགྲུལ་གྱི་སྲོལ་ངན་དོར་ཏེ་ཡ་རབས་ངང་རླངས་འཁོར་གཏོང་བ་དང་བདེ་འཇགས་ངང་ཕྱིར་སྐྱོད་དགོས་པའི་ཤ་ཚའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།