གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱིས“གཅེས་སེམས་སྐྱེད་མའི”ཆ་འགྲིག་གཅེས་སེམས་བྱེད་སྒོ་སྤེལ་བ།
ཏང་འཛུགས་སྐྱོང་གིས་གཅེས་སེམས་ཞབས་ཞུར་སྣེ་ཁྲིད་བྱེད་པའི་ལས་དོན་ཏན་ཏིག་དང་ཞིབ་ཕྲ་བསྒྲུབ་ཆེད། ཉེ་དུས་གོ་འཇོ་རྫོང་སྤྱི་བདེ་ཅུས་ཀྱི་ཏང་ཀྲི་པུའུ་ལྔའི་ཏང་ཡོན་མི་དམངས་ཉེན་རྟོག་པ་10གོ་འཇོ་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུས་སྒྲིག་འཛུགས་བྱས་པའི“གཅེས་སེམས་སྐྱེད་མ”དང“གཅེས་སེམས་པ་ཕས”གཞིས་ལུས་བྱིས་པ་དང་ཉམ་ཐག་བྱིས་པར་གཅེས་སེམས་འཆང་བའི་བྱེད་སྒོ་སྤེལ་བ་དང་། སྤྱི་བདེ་དཔུང་ཁག་གི་གཅེས་སེམས་ཆུང་ངུ་སྤྱི་ཚོགས་ཀྱི་ཉམ་ཐག་བྱིས་པར་འཆང་བའི“གཅེས་སེམས་ཆེ་མོར”གྱུར་བ་བྱས་ཏེ། གཞིས་སྲུང་བྱིས་པ་དང་ཉམ་ཐག་བྱིས་པ་བདེ་ཐང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སེམས་ནུས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ། ཏང་ཡོན་མི་དམངས་ཉེན་རྟོག་པ་10ཡིས་གཞིས་ལུས་བྱིས་པའམ་ཡང་ན་ཉམ་ཐག་བྱིས་པ་གཅིག་རེ་ཉར་ནས་ཁོང་ཚོ་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བཤད་དེ། ཕྲུ་གུ་ཚོའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། ཕྲུ་གུ་ཚོའི་སེམས་གཏིང་གི་མྱོང་བ་དང་བསམ་བློ་རྟོགས་པར་བྱས་ནས་ཁོང་ཚོར་གཅེས་སེམས་ལག་རྟགས་སྤྲད་པ་རེད། སླད་ཕྱིན་གྱི་ལོ་གསུམ་རིང་ང་ཚོས་ཕྲུ་གུ་ཚོའི“གཅེས་སེམས་པ་ཕ”དང“གཅེས་སེམས་ཨ་མ”བྱས་ནས་ཁོང་ཚོ་དང་མཉམ་དུ་དཀའ་ངལ་ཁྱད་བསད་བྱས་ཏེ་སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་གྱི་ཡིན་ཞེས་བཤད་པ་རེད།
མཐར་མི་དམངས་ཉེན་རྟོག་པ་དང་ཕྲུ་གུ་ཚོས་ཕན་ཚུན་འབྲེལ་གཏུག་བྱེད་སྟངས་བཞག་པ་མ་ཟད། ཁོང་ཚོའི་མི་ཚེའི་ཁྲོད་ཀྱི་མཉམ་པར་དང་པོ་དེ་ཡང་བརྒྱབ་པ་རེད།