དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ལྷ་སའི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-11

    ཉེ་ཆར་ལྗོངས་ཡོངས་ཀྱི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་མཛད་སྒོར་ཕེབས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    མཛད་སྒོའི་ཐོག་མཛད་སྒོར་ཞུགས་མཁན་་འགོ་ཁྲིད་ཀྱིས་2024ལོའི་ལོ་འཁོར་གྱི་མེ་ཟོན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་ལག་ཁྱེར་སྤྲད་པ་དང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡི་འགན་འཁུར་བས་རྒྱ་ཆེའི་མང་ཚོགས་ལ་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱེད་པའི་མེ་ཟོན་བདེ་འཇགས་འཛུགས་གཏོད་བྱེད་སྒོའི་གྲོས་འགོ་བཏོན་པ་རེད།

    རེན་ཝེ་ཡིས་མེ་ཟོན་བདེ་འཇགས་ལ་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱེད་དགོས་ལ། ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་སྐྱོང་ལ་དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་གཏོང་མི་རུང་། མེ་ཟོན་བདེ་འཇགས་ཀྱི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང“གོང་དུ་བཀུར་བ་གཉིས”ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ“ཁོངས་གཏོགས་ཁུལ་གྱིས་འགན་གཙོ་བོ་འཁུར་བ་དང་། མེ་ཟོན་སྡེ་ཚན་གྱིས་འགོག་སྲུང་གཙོ་བོ་བྱེད་པ། སྡེ་ཚན་ཁག་གིས་དམ་འཛིན་གཙོ་བོ་བྱེད་པ། མང་ཚོགས་བྱེད་པོ་ཡིན་པ”བཅས་ཀྱི་མེ་ཟོན་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་མུ་མཐུད་མི་དམངས་མང་ཚོགས་ཀྱི“མེལ་ཚེ་བ”ཡག་པོ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།