དབུ་ཤོག>ཁྲིམས་ལུགས།
  • མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་མངགས་གཏོང་ཁང་གིས།

    གྱོད་གཞི་དངོས་དང་ཟུང་འབྲེལ་བྱས་ནས་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-08

    ཉེ་ཆར། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་མངགས་གཏོང་ཁང་གིས“ཁྲིམས་སྐྱོང་གི་འདུ་ཤེས་ཁྱོན་ཡོངས་ནས་ཟབ་ཏུ་དང་ཁྲིམས་སྐྱོང་གི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོའི་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་ཆེད་རེད།

    བྱེད་སྒོ་སྤེལ་རིང་། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་ཀྱི་དཔྱད་ཡིག་དང་ལག་རྟགས་ཆུང་ངུ་སྤྲད་དེ་མང་ཚོགས་དེ་བས་མང་བ་དེའི་ནང་ཞུགས་རྒྱུའི་བློ་ཁ་བཀུག་པ་མ་ཟད། མི་དམངས་ཉེན་རྟོག་པས་གྱོད་གཞི་དངོས་དང་ཟུང་འབྲེལ་གྱིས་གསོན་ཉམས་དོད་པོས་མང་ཚོགས་ལ་རྒྱུན་གཏན་འཚོ་བ་དང་འབྲེལ་བ་ཟབ་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་ཅིང་། དེ་དག་གློག་འཕྲིན་ཁ་བསླུས་ལ་དོགས་ཟོན་དང་། མེ་སྐྱོན་སྔོན་འགོག འགྲིམ་འགྲུལ་བདེ་འཇགས། ནག་སེལ་གཤེད་འཇོམས། མི་རིགས་མཐུན་སྒྲིལ་སོགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་བ་ཡོད། གཞན་ཡང་། མི་དམངས་ཉེན་རྟོག་པས་མང་ཚོགས་ལ“རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས”ཀྱི་APPཕབ་ལེན་བྱེད་རོགས་ཧུར་ཐག་བྱས་ནས། མང་ཚོགས་ལ“མེ་འགོག་གྱང”བརྟན་པོ་ཞིག་བསྐྲུན་ཡོད།

    ད་རེས་ཀྱི་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་སྒོར་རྒྱ་ཆེའི་མང་ཚོགས་ཀྱིས་བརྡ་ལན་ཧུར་ཐག་ཞུས་ཤིང་། གྲི་གུ་གྲོང་རྡལ་བྲག་རྩ་གྲོང་ཚོའི་ཡུལ་མི་ཤི་ལོག་གིས“ད་རེས་ཀྱི་བྱེད་སྒོའི་ཁྲོད་ངས་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་དང་ལྷག་པར་དུ་གློག་འཕྲིན་ཁ་བསླུས་སྔོན་འགོག་གི་ནང་དོན་མང་པོ་ཤེས་བྱུང་བས་ང་ཚོར་ཕན་ཡག་པོ་ཐོགས་བྱུང་། ངས་སྦྱངས་པའི་ཤེས་བྱ་དག་ཉེ་འགྲམ་གྱི་མིར་བསླབས་ནས་ཁོང་ཚོའི་བཅའ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མཉམ་དུ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།