དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཉེན་རྟོག་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་རོགས་རམ་འོག་དཀའ་གནད་ལས་བསྒྲལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    འདི་ནི་ཉེན་རྟོག་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཉེན་གྱར་རླངས་འཁོར་ལ་རོགས་རམ་བྱེད་བཞིན་པ།

    འདི་ནི་ཉེན་གྱར་རླངས་འཁོར་ཡུར་བུ་ནས་འདོན་ཐུབ་པ།

    ཉེ་ཆར་སྣ་དཀར་རྩེ་གྲོང་རྡལ་མངགས་གཏོང་ཁང་གིས་ཉེན་གྱར་རླངས་འཁོར་ཞིག་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱས་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བས་སེམས་རྩ་འཁོལ་པོས་རོགས་རམ་བྱས་པར། མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

    ཟླ་10ཚེས་13ཉིན་གྱི་ཆུ་ཚོད་11ཡོལ་ཙམ་ལ། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་སྤྱི་བདེ་ཅུས་སྣ་དཀར་རྩེ་གྲོང་རྡལ་མངགས་གཏོང་ཁང་ལ་བཀོད་འདོམས་ལྟེ་གནས་ནས་བཀའ་འབྱོར་ཏེ། ཕྱྭ་གཡང་མཚོའི་མཛེས་ལྗོངས་ཁུལ་ཉེ་འགྲམ་དུ་རླངས་འཁོར་ཆུང་གྲས་ཤིག་ལམ་འགྲམ་གྱི་ཡུར་བུའི་ནང་ལྷུང་འདུག་པས་རོགས་སྐྱོབ་བྱེད་མཁན་ཉེན་རྟོག་པ་གཏོང་དགོས་འདུག་ཅེས་བཤད།

    ཉེན་དོན་བཀའ་རྒྱ་འབྱོར་རྗེས་མངགས་གཏོང་ཁང་གིས་འཕྲལ་མར་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བསྐྱོད། འདྲི་རྩད་བྱས་པ་བརྒྱུད། རླངས་འཁོར་དེའི་ཁ་ལོ་བར་ལམ་རྒྱུས་མེད་པ་དང་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རླངས་འཁོར་ཡུར་བུའི་ནང་ལྷུང་བ་ཤེས། རོགས་སྐྱོབ་བྱེད་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཞིག་གིས་རང་འགུལ་ངང་རོགས་རམ་བྱས་ནས་ཉེན་རྟོག་པར་ཉེན་གྱར་རླངས་འཁོར་ཡུར་བུའི་ནང་ནས་འཐེན་རོགས་བྱས་ཤིང་། ཕྱར་བ་གྲུ་འདེགས་ཆུ་ཚོད་གཉིས་བྱས་པ་བརྒྱུད། རླངས་འཁོར་དེ་ཡུར་བུ་ནས་བཏོན་པ་དང་གཞུང་ལམ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་གཞུང་ལམ་བདེ་འཇགས་ལ་འགན་ལེན་བྱས་པ་རེད།

    ཁ་གྱེས་ཁར་ཁ་ལོ་བས་མཐེ་བོང་བསྒྲེངས་ཏེ། ཉེན་རྟོག་པ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བར“ཉེན་རྟོག་པ་དང་ཕྱི་རྒྱལ་གྱི་གྲོགས་པོས་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།