དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཚྭ་ལ་མངགས་གཏོང་ཁང་གིས་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཆེན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    ཉིན་ཤས་གོང་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཚྭ་ལ་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཨར་ལས་བྱ་ཡུལ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་ཞིབ་བཤེར་བྱས་པ་རེད།

    མི་དམངས་ཉེན་རྟོག་པས་ཨར་སྐྲུན་བྱ་ཡུལ་དང་། ཐོན་སྒོའི་དྲན་སྐུལ་བྱང་བུ། ཉེན་སྟོན་གློག་སྒྲོན། བདེ་འཇགས་འགོག་སྲུང་མཚོན་རྟགས་བཅས་བཙུགས་ཚུལ་དང་དེ་བཞིན་ལས་ཡུལ་གྱི་སྐྱེལ་འདྲེན་འཁོར་རིགས་ལ་ཞིབ་བཤེར་བྱས་ནས། ཤེས་རྟོགས་བྱུང་བའི་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དག་ཐེར་བྱེད་ཐུབ་རིགས་ལས་ཡུལ་དུ་དག་ཐེར་བྱེད་དགོས་པ་དང་། དག་ཐེར་བྱེད་མི་ཐུབ་པའི་རིགས་དུས་བཀག་བཟོས་ནས་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། མི་དམངས་ཉེན་རྟོག་པས་ཨར་ལས་རླངས་འཁོར་གྱི་ཁ་ལོ་བར་བདེ་འཇགས་འཁོར་གཏོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་རླངས་འཁོར་ལ་གཞུང་ལམ་ཐོག་སྐྱེལ་འདྲེན་བྱེད་པའི་ཆ་རྐྱེན་འཛོམས་པར་འགན་ལེན་བྱེད་དགོས་པ་དང་། གཏོང་ཆོག་པའི་འཁོར་རིགས་གཏོང་བ་ལས་ཉེན་ཡོད་འཁོར་གཏོང་གི་བྱེད་སྤྱོད་སྣ་ཚོགས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།