དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • སྒར་རྫོང་སྤྱི་བདེ་ཅུས་ཀྱིས་གཅིག་སྡུད་གཅིག་གྱུར་གྱི་གཙང་བཤེར་བྱ་སྤྱོད་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དང་སྒྲིག་ལམ་རྒྱུན་མཐུད་ངང་བརྟན་པོ་ཡོང་བར་འགན་ལེན་བྱ་ཆེད། ཉེ་ཆར་སྒར་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་གཅིག་སྡུད་གཅིག་གྱུར་གྱི་གཙང་བཤེར་བྱ་སྤྱོད་སྤེལ་བ་རེད།

    བྱ་སྤྱོད་སྤེལ་རིང་ཉེན་རྟོག་རིགས་ཁག་གིས་ནུས་ཤུགས་ཡོད་རྒུས་མཉམ་ལས་དང་མཐུན་སྦྱོར་ལ་གཞོགས་འདེགས་བྱས་ཤིང་། རྫོང་ཡོངས་ཀྱི་འགྲོ་ལམ་གྱི་འགག་གནད་དང་། རིག་གནས་ཐང་ཆེན། མཚན་ཁྲོམ། མཚན་མོའི་དཔལ་འབྱོར་འཁོར་རྒྱ་སོགས་གཙོ་གནད་ཁུལ་དང་མི་སྣ་འདུ་འཛོམས་བྱ་ཡུལ་དུ་སྐོར་གཡེང་དང་སྔོན་འགོག་ཚོད་འཛིན་ལས་དོན་ཏན་ཏིག་སྤེལ་བ་དང་། “སྐར་མ་1.3.5”བཅས་ཀྱི་དང་ལེན་ལམ་སྲོལ་མུ་མཐུད་མགྱོགས་མྱུར་ལེགས་སུ་བཏང་སྟེ“གོམ་སྐོར་དང་། འཁོར་སྐོར། བརྙན་སྐོར་བཅས་ཟུང་འབྲེལ”གྱི་བྱེད་ཐབས་སྣ་མང་སྤྱད་དེ་འགུལ་སྐྱོད་ཁྲོད་གྲ་སྒྲིག་དང་སྐོར་གཡེང་ཁྲོད་ཉེན་རྟོག་པ་གཏོང་རྒྱུ་མཐའ་འཁྱོངས་བྱས་པས། ཉེན་རྟོག་པའི་སྟོབས་ཤུགས་བཀོད་སྒྲིག་ཡག་ཤོས་དང་སྐོར་གཡེང་སྔོན་འགོག་གི་ཕན་ནུས་བསྡུ་སྒྲིལ་ཡག་ཤོས་བྱུང་ཡོད། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། ཞིབ་བཤེར་ས་ཚིགས་བཅས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཁོར་ཡུག་ལ་དམིགས་ཏེ་གཙོ་གནད་ལམ་དུམ་དང་། གཙོ་གནད་དུས་མཚམས། གཙོ་གནད་རླངས་འཁོར་བཅས་ལ“སྐོར་སྐྱོད་སྐོར་བཤེར”དང“གནས་གཏན་འཁེལ་གྱིས་འགག་སྒོ་འཛུགས་པ”ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་ཆང་བཏུངས་འཁོར་གཏོང་དང་། ལག་ཁྱེར་མེད་པར་འཁོར་གཏོང་། རླངས་འཁོར་མྱུར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས་འགྲིམ་འགྲུལ་སྒྲིག་ལམ་མུ་མཐུད་ལེགས་སུ་བཏང་བ་རེད།

    ད་ཐེངས་ཀྱི་བྱ་སྤྱོད་སྤེལ་རིང་ཁྱོན་རླངས་འཁོར་ཐེངས་22བཏང་བ་དང་། ཉེན་རྟོག་པ་མི་ཐེངས་105བཏང་བ། རླངས་འཁོར་ཐེངས་67ལ་ཞིབ་བཤེར་བྱས་པ། ས་ཆ་ཁག་138ལ་ཞིབ་བཤེར་བྱས་པ། གཙོ་གནད་ཁུལ་27ལ་སྐོར་བཤེར་བྱས་པ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་25ལ་གྲལ་བཤེར་ཐུབ་པ། ས་ཆ་23ལ་དེ་མ་ཉིད་དུ་དག་ཐེར་བྱེད་དུ་བཅུག་པ། ས་ཆ་2ལ་དུས་བཀག་ནང་དག་ཐེར་བྱེད་དུ་བཅུག་པ། དྲིལ་བསྒྲགས་དཔྱད་ཡིག་ཁག་300ལྷག་ཙམ་སྤྲད་པ། མང་ཚོགས་300ལྷག་ཙམ་ལ་སློབ་གསོ་ཐེབས་པ། མི་49ལ“དུག་རྫས་འཐེན་མིན”འཐེན་བཤེར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།