དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    འདི་ནི་མེ་གསོད་སྟངས་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་འཕྲལ་སྡོམ་རྩལ་ནུས་སློབ་བཞིན་པ།

    འདི་ནི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    ཉེ་ཆར། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་ལྷ་ས་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་མཉམ་དུ་སྟག་རྩེ་རྫོང་གི་མང་ཚོགས་དང་ལས་བྱེད་ལས་བཟོར་ཉེན་གཡོལ་རང་སྐྱོབ་བྱེད་སྟངས་བསླབས་པ་དང་། རོགས་སྐྱོབ་རྩལ་ནུས་ངོམ་སྟོན་བྱས་པ་དང་འབྲེལ། མེ་གསོད་ནང་སྦྱོང་ཡང་བྱས་པ་རེད། ཕན་ཚུན་སྤེལ་རེས་དང་ལྟ་སྦྱོང་ཉམས་ལེན་བྱས་པ་བརྒྱུད། འཕྲལ་སྡོམ་ནང་ཞུགས་པ་དང་བདེ་འཇགས་མཉམ་སྲུང་བྱེད་པའི་ས་གནས་དེ་གའི་མང་ཚོགས་ཀྱི་སྤྲོ་སེམས་སྐུལ་སློང་གང་ལེགས་ཐུབ་ནས། ཐོལ་བྱུང་གནས་ཚུལ་ལ་ཁ་གཏད་གཅོག་པའི་ཁོང་ཚོའི་འཕྲལ་སྡོམ་ཉེན་གཡོལ་གྱི་འདུ་ཤེས་ཟབ་ཏུ་དང་ཚོར་སྣང་སྐྱེན་དུ་ཕྱིན་ཏེ་བསམ་བློ་དང་བྱ་སྤྱོད་ཐད་ཀྱི“མེ་འགོག་གྱང”བརྟན་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།