དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཏིང་སྐྱེས་རྫོང་གིས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-05

    ཉེ་ཆར་གཏིང་སྐྱེས་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ཚན་པ་སྒྲིག་འཛུགས་བྱས་ཏེ་རྫོང་གྲོང་གི་ཁྲོམ་གཞུང་གཙོ་བོར“ཁ་དན་ཚིག་གནས་དང་གྲོན་ཆུང་བྱས་ཏེ། བཟའ་བཏུང་གི་བདེ་འཇགས་ཡོང་བར་བྱེད་པའི”གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། བློ་འདྲིའི་ལས་སྟེགས་འཛུགས་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་དོགས་གནད་ལ་ལན་འདེབས་པ་སོགས་ཀྱི་རྣམ་པ་བརྒྱུད་འགྲོ་འོང་བྱེད་མཁན་མང་ཚོགས་ལ་བདེ་འཇགས་ལྡན་པའི་བཟའ་བཅར་ངོས་འཛིན་གང་འདྲ་བྱེད་དགོས་པ་དང་། བཟའ་འཐུང་གི་གོམས་གཤིས་བཟང་པོ་ཇི་ལྟར་བྱས་ནས་འཇགས་པར་བྱེད་པ་སོགས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་པ་མ་ཟད། མང་ཚོགས་ཀྱིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་མང་ཚོགས་ཀྱིས་ཟས་རིགས་ཉོ་སྐབས་དེའི་སྟེང་གི་ཁ་བྱང་དང་། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་དུས་ཚོད་སོགས་ཀྱི་ཆ་འཕྲིན་ལ་དོ་སྣང་གིས་ཚད་ལྡན་གྱི་ཚོང་ལམ་བརྒྱུད་ནས་ཟས་རིགས་ཉོ་བ་དང་། “མེད་པ་གསུམ”གྱི་ཟས་རིགས་མི་ཉོ་བའི་དྲན་སྐུལ་ཡང་བྱས་ཡོད། ད་རེས་ཀྱི་གཅིག་སྡུད་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་དཔྱད་ཡིག་684ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་100ལྷག་ཙམ་ལ་ལན་བརྒྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།