ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས།
སྡེ་ཁུལ་དུ་མེ་ཟོན་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པ”དང་ཆུས(རྫོང)ཁག་གི“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་དགེ་རྒན་ཚོགས་པའི་ཡན་ལག་རུ་ཁག”གིས་རྒྱ་ཆེའི་སྡེ་ཁུལ་གྱི་གྲོང་མིར་ངོ་ཐུག་གདོང་འཕྲད་ཀྱི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་མེ་ཟོན་དྲིལ་བསྒྲགས་ཀྱི་ཚ་རླབས་གསར་པ་ཕྱོགས་ཡོངས་ནས་འཕྱུར་བར་བྱས་ཡོད་པ་རེད།
མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་པས་སྡེ་ཁུལ་གྱི་གྲོང་མི་སྒྲིག་འཛུགས་བྱས་ཏེ་མེ་གསོད་ཡོ་བྱད་བཀོལ་སྤྱོད་ཀྱི་ནང་སྦྱོང་བྱས་པས། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་དང་སྦྱངས་པ་གོ་ཆོད་ཀྱི་ཕན་འབྲས་ཐོན་ཡོད། བྱེད་སྒོ་སྤེལ་རིང་། དྲིལ་བསྒྲགས་དཔྱད་ཡིག་དང་། ལག་དེབ། བརྡ་ཁྱབ་བཅས་ཁྱོན་9000ལྷག་ཙམ་དང་དྲིལ་བསྒྲགས་ཡིག་རིགས་1500ལྷག་ཙམ་སྤྲད་པར་མང་ཚོགས་ཁྲི་1.8ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད་པ་རེད།