དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས།

    རྒན་རྒོན་ལ་ཛ་དྲག་བརྡ་གཏོང་ཡོ་བྱད་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-29

    རྒན་རྒོན་གྱི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་བཏང་ནས་ཁོང་ཚོར་ཛ་དྲག་གི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་རོགས་རམ་ཐུབ་པར་འགན་ལེན་བྱ་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་གྲྭ་བཞི་ཁྲོམ་གཞུང་ཉི་དྲོ་གླིང་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་དང་མཉམ་དུ་རྒན་རྒོན་ལ་རིན་མེད་བརྡ་གཏོང་ཡོ་བྱད་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། ཉི་དྲོ་གླིང་སྡེ་ཁུལ་གྱི་ལས་དོན་པས་ཁོངས་གཏོགས་ཁུལ་གྱི་ཆ་རྐྱེན་འཚམ་པའི་རྒན་རྒོན་ལ་རིན་མེད་བརྡ་གཏོང་ཡོ་བྱད་སྤྲད་པ་རེད། འབོད་ཆས་དེ་དག་ལ་སྟབས་བདེ་ཞིང་སྤྱོད་བདེ་བ་དང་དང་ལེན་མགྱོགས་པའི་ཁྱད་ཆོས་ལྡན་པས། རྒན་རྒོན་ཚོར་ཛ་དྲག་གི་གནས་ཚུལ་འཕྲད་སྐབས་དུས་ཐོག་ཏུ་རོགས་སྐྱོབ་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།