ཕྲུ་གུ་གཅེས་ལང་བཏང་། རྙོག་དྲའི་སྒམ་ཆུང་ཕྱེ།
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་ཕྲུ་གུ་འཚུབ་ཐེར་ཞིག་གིས་དངུལ་གྱི་ཆེད་དུ། ཁྱིམ་གྱི་དབྱར་རྩྭ་དགུན་འབུ་བརྐུས་ནས་འཚོང་སྐབས་མགོ་སྐོར་ཆེན་པོ་ཐེབས་པ་རེད། ཉེ་ཆར་འབྲི་རུ་རྫོང་ཁོངས་ཀྱི་མང་ཚོགས་རྡོ་ཆེ་གེ་མོས་བུ་ཚེ་ཆེ་གེ་མོ་ཁྲིད་དེ་བྲེལ་འཚུབ་ངང་འབྲི་རུ་རྫོང་སྤྱི་བདེ་ཅུས་གསེར་ཁུང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིཌ་སུ་ཡོང་ནས། ངའི་བུས་ཁྱིམ་ནས་དབྱར་རྩྭ་དགུན་འབུ་བརྐུས་ཏེ་གོང་ཁེ་པོས་བཙོངས་འདུག་པས་ཉེན་རྟོག་པས་ཚུར་ལེན་རོགས་ཞེས་བརྗོད། རེ་ཞུ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་དབྱར་རྩྭ་དགུན་འབུ་ཉོ་མཁན་མཱ་ཆེ་གེ་མོར་འབྲེལ་བ་བྱས་ནས་ཞིབ་དཔྱད་བྱས་པ་རེད།
འབྲི་རུ་རྫོང་སྤྱི་བདེ་ཅུས་གསེར་ཁུང་ལམ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་བློ་བཟང་བཀྲ་ཤིས་ཀྱིས་ཚེ་ཆེ་གེ་མོས་དབྱར་རྩྭ་དགུན་འབུ་རས་ཁུག་གང་ཐེངས་ཁ་ཤས་བྱས་ནས་མཱ་ཆེ་གེ་མོར་བཙོངས་པ་ཤེས་རྟོགས་བྱུང་རྗེས། ཕྱོགས་གཉིས་པོར་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་མ་ཟད། ད་དུང་མཱ་ཆེ་གེ་མོར་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཤེས་བྱ་གསལ་འགྲེལ་བྱས་ནས་དབྱར་རྩྭ་དགུན་འབུ་ཉོ་སྐབས་ཉོ་སའི་ཉོ་ཁུངས་གསལ་པོར་ཤེས་དགོས་པ་ལས་གང་བྱུང་དུ་ཉོ་མི་རུང་བའི་སྐོར་བརྗོད་པ་དང་། ཕྲུ་གུའི་ཁྱིམ་བདག་ལའང་རྒྱུན་དུ་ཕྲུ་གུ་དང་སྐད་ཆ་མང་ཙམ་ཤོད་དགོས་པ་མ་ཟད། སློབ་གསོ་རྒྱག་སྟངས་ལའང་དོ་སྣང་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད།
མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པ་བརྒྱུད། མཐར་ཕྱོཌ་གཉིས་པོའི་དབར་གྲོས་མཐུན་བྱུང་ནས་མཱ་ཆེ་གེ་མོས་ཁྲོམ་རའི་རིན་གོང་ལྟར་རྡོ་ཆེ་གེ་མོར་རིན་གོང་ཁ་གསབ་བྱས་པ་རེད།