དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བྱམས་མདུན་མངགས་གཏོང་ཁང་གིས་སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-22

    འདི་ནི་མི་དམངས་ཉེན་རྟོག་པས་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་བྱམས་མདུན་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྣུམ་སྣོན་ས་ཚིགས་སུ་བདེ་འཇགས་ཞིབ་བཤེར་ལས་དོན་སྤེལ་བ་རེད།

    ཞིབ་བཤེར་བྱེད་རིང་། མི་དམངས་ཉེན་རྟོག་པས་སྣུམ་སྣོན་ས་ཚིགས་ཀྱི་སིལ་འཚོང་རླངས་སྣུམ་ཕྱིར་ཚོང་གི་མིང་ངོ་མ་འགོད་པའི་དོ་དམ་ལས་དོན་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་ཤིང་། “མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་བྱེད་པའི”བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ། སྣུམ་སྣོན་ས་ཚིགས་ཀྱི་ལས་དོན་པར་བདེ་འཇགས་དྲིལ་བསྒྲགས་སློབ་གསོ་བཏང་ནས་སྣུམ་སྣོན་ས་ཚིགས་ཀྱི་འགན་འཁུར་བ་དང་ལས་མི་ཡོངས་ལ་བདེ་འཇགས་ཐོན་སྐྱེད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། བདེ་འཇགས་དོ་དམ་ནན་དུ་གཏོང་བ། རྒྱུན་གཏན་གྱི་བདེ་འཇགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།