དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཆུ་ཤུར་རྫོང་གིས་སྟོན་དུས་ཀྱི་དམག་གསར་རྣམས་དཔུང་སྡེར་ཞུགས་པའི་དགའ་སྐྱེལ་འདུ་ཚོགས་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-22

    འདི་ནི་འབྲེལ་ཡོད་འགོ་ཁྲིད་ཀྱིས་དམག་གསར་ལ་ཁ་བཏགས་གཡོགས་པ་དང་འཚམས་འདྲིའི་དངུལ་སྤྲོད་བཞིན་པ།

    འདི་ནི་དམག་གསར་དང་ནང་མིས་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ནང་མིས་བུ་ཕྲུག་ལ་སློབ་སྦྱོང་ཧུར་ཐག་དང་དཀའ་སྤྱད་སྦྱོང་བརྡར་བྱ་རྒྱུའི་མངགས་བཅོལ་བྱེད་བཞིན་པ།

    འདི་ནི་ནང་མིས་བུ་ཕྲུག་ལ་སྦྱོང་བརྡར་ཡག་པོ་བྱས་ནས་ཕ་ཡུལ་གྱི་ཆེད་གཟི་བརྗིད་བརྩོན་ལེན་བྱ་རྒྱུའི་མངགས་བཅོལ་བྱེད་བཞིན་པ།

    “དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བ”འཆར་ལ་ཉེ་བའི་སྐབས་སུ། ཆུ་ཤུར་རྫོང་གིས“དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བའི”དྲིལ་བསྒྲགས་བྱེད་སྒོ་དང་སྟོན་དུས་ཀྱི་དམག་གསར་དམག་དཔུང་དུ་ཞུགས་པའི་དགའ་སྐྱེལ་འདུ་ཚོགས་གཉེར་ཞིང་། ཆུ་ཤུར་རྫོང་དམག་བསྡུ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་དོ་དམ་ཁག་བགོས་ཀྱི་འགན་འཁུར་བ་དང་། ཤང་དང་གྲོང་རྡལ་ཁག་གི་མི་དམངས་དྲག་ཆས་པུའུ་ཡི་པུའུ་ཀྲང་། 2024ལོའི་སྟོན་དུས་ཀྱི་དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་ཀྱི་འཐུས་མི། སྟོན་དུས་ཀྱི་དམག་དཔུང་དུ་ཞུགས་པའི་དམག་གསར་དང་ནང་མི་བཅས་གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།