དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷ་ས་གྲོང་ཁྱེར་གྱིས་སོལ་རླངས་ཀྱི་བདེ་འཇགས་ཀྱི“མེ་ཟོན་གྱང”བརྟན་པོ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-22

    ཉེ་ཆར་ལྷ་ས་གྲོང་ཁྱེར་གྲོང་ཁྱེར་དོ་དམ་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་དང་། གྲོང་ཁྱེར་ཚོང་དོན་ཅུས། གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བཅས་ཀྱིས་སོལ་རླངས་ཁེ་ལས་དང་། བཟའ་བཏུང་ཁེ་ལས། ཏང་སྲིད་ལས་ཁུངས་ཀྱི་ཟ་ཁང་། དམངས་སྲིད་ཕན་བདེའི་སྒྲིག་གཞི་སོགས་གཙོ་གནད་ཁེ་ལས་དང་སོལ་རླངས་སྤྱོད་སར་སོལ་རླངས་ཀྱི་བདེ་འཇགས་མཉམ་འབྲེལ་ཞིབ་བཤེར་བྱས་ཏེ། འབྲེལ་ཡོད་ཚན་པ་དང་ཁེ་ལས་ཁག་ལ་སོལ་རླངས་ཀྱི་བདེ་འཇགས་དོ་དམ་གྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་པ་དང་སོལ་རླངས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མཉམ་འབྲེལ་ཞིབ་བཤེར་བྱས་པ་བརྒྱུད། འབྲེལ་ཡོད་ཚན་པ་དང་ཁེ་ལས་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་སོལ་རླངས་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པར་སྔར་བས་སྐུལ་འདེད་བཏང་བ་དང་མཛུབ་ཁྲིད་བྱས་ཏེ། སོལ་རླངས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་དང་མེད་པར་བཟོས་ནས། སོལ་རླངས་ཀྱི་ལས་འཛོལ་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།