དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ལ་བརྟེན་ནས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-22

    འདི་ལོ་ཚུན། ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་དམངས་འཚོར་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལས་དོན་དམ་འཛིན་བྱ་གཞིར་བྱས་ནས། གཞི་གཅིག་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་ཆེད་དོན་ལྟ་སྐུལ་བྱས་པས་ཕན་འབྲས་ངེས་ཅན་ཐོན་ཡོད།

    འདི་ལོ་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྔ་རྗེས་སུ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ་མཐུན་སྦྱོར་ལམ་སྲོལ་བཟོས་པ་དང་ཡིག་ཆར་མིང་རྟགས་ལྷན་འགོད་བྱས་ནས། བུད་མེད་ངལ་རྩོལ་པའི་ལས་ཞུགས་ཁེ་དབང་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་གྲལ་བཤེར་དང་གྱོད་སྒྲུབ་བྱེད་སྒོའི་ནང་ཞུགས་པ་དང་། ཆེད་ལས་ཀྱི་བློ་འདྲི་མཁོ་འདོན་བྱས་ཏེ་གྱོད་སྒྲུབ་གནད་སྨིན་ཡོང་བར་རམ་འདེགས་བྱས་ཡོད།

    འདི་ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོ་དང་། བཞུགས་མོལ་ཚོགས་འདུ། ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བཅས་ལ་བརྟེན་ནས། བུད་མེད་སྤུན་ཟླར་བཅའ་ཁྲིམས་ཀྱི་བློ་འདྲི་ཐེངས་10ལྷག་ཙམ་བྱས་པ་དང་བསམ་འཆར་ཁག་5འཚོལ་བསྡུ་བྱས་ཡོད། དེའི་ནང་སྣེ་གདོང་ཆུས་ཞིབ་དཔྱོད་ཁང་གིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ཐད་སྣེ་གདོང་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང《བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་མཐུན་སྦྱོར་ལམ་སྲོལ་འཛུགས་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》མཉམ་དུ་བཟོས་ནས་ཤུགས་སྣོན་བརྒྱབ་སྟེ་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་ལ་སྐུལ་འདེད་བཏང་ཡོད།

    འདི་ལོ་ཚུན། བུད་མེད་ཞིང་པ་ལས་མི་དང་འབྲེལ་བ་ཡོད་པའི་གྱོད་གཞི་16དང་མི་26ཐག་གཅོད་བྱས་པ་དང་གྱོད་འབྲེལ་མ་དངུལ་སྒོར་265468ཟིན་ཡོད། སྣེ་གདོང་དང་། འཕྱོངས་རྒྱས། གྲ་ནང་། ཟངས་རི་སོགས་གཞི་རིམ་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ཀྱི་འགན་ནུས་ཧུར་ཐག་བཏོན་པ་དང་། ཞུ་གཏུག་ལ་རྒྱབ་སྐྱོར་དང་ཞུ་གཏུག་མ་བྱས་གོང་འདུམ་འགྲིག་སོགས་ཀྱི་བྱེད་ཐབས་སྤྱད་ནས་བུད་མེད་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་པ་དང་། བུད་མེད་ལས་མི་དང་འབྲེལ་བའི་གྱོད་གཞི་16ཚང་མ་ཐག་གཅོད་ཀྱིས་ཞིབ་དཔྱོད་ཀྱི་ནུས་པར་བརྟེན་ནས་ཉམས་ཞན་ཚོགས་སྤྱིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད།


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།