དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    ཉེ་ཆར་རང་སྐྱོང་ལྗོངས་སྤྱི་བདེ་དང་། ཁྲོམ་ར་ལྟ་འདོམས། མེ་ཟོན་བཅས་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་མེ་ཟོན་ཐོན་རྫས་ཀྱི་སྤུས་ཚད་ལ་བདེ་འཇགས་ཀྱི་ཆེད་དོན་བཅོས་སྒྲིག་བྱས་པ་རེད།

    ཞིབ་བཤེར་བྱེད་རིང་ཞིབ་བཤེར་མི་སྣས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་གཙོ་གནད་ཐོག་མེ་ཟོན་ཐོན་རྫས་བྲིན་ཚོང་དང་བེད་སྤྱོད་ཚན་པའི་མེ་སྐྱོན་རང་འགུལ་ཉེན་བརྡའི་མ་ལག་དང་། མེ་གསོད་ཡོ་བྱད། མེ་ཟོན་འཕྲལ་སྡོམ་གློག་སྒྲོན། ཁང་པའི་ནང་གི་མེ་གསོད་ཡོ་བྱད་སོགས་མེ་ཟོན་ཐོན་རྫས་ལ་ཞིབ་བཤེར་བྱས་པ་རེད། ད་ཐེངས་ཀྱི་ཞིབ་བཤེར་ནང་ཁྱོན་མེ་ཟོན་ཐོན་རྫས་ཁག་ཐེངས་28ལ་འཐེན་བཤེར་བྱས་པ་དང་བཅའ་ཁྲིམས་ཀྱི་ཡིག་ཆ་ཁག་5གཤམ་སྤྲོད་བྱས་པ་རེད།

    འདི་ནི་ཞིབ་བཤེར་མི་སྣས་མེ་ཟོན་ཐོན་རྫས་ཀྱི་ཐོབ་ཐང་དབྱེ་འབྱེད་ཨང་གྲངས་ཀྱི་ཆ་འཕྲིན་ལ་ཞིབ་བཤེར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།