དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས།

    ལག་བསྟར་འདུམ་འགྲིག་གི་ལས་དོན་ཡག་པོ་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཁྲིམས་དཔོན་གྱི་འབད་བརྩོན་འོག སེམས་བཟང་ཡ་རབས་ཀྱི་ལག་བསྟར་འདུ་ཤེས་བཟུང་ནས། ལག་བསྟར་འདུམ་འགྲིག་ལས་དོན་ཁྲོད་མི་རིགས་ཀྱི་གོམས་གཤིས་ལ་བརྩི་འཇོག་གང་ལེགས་བྱེད་པ་དང་། གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་དང་ལེན་བྱེད་བདེ་བའི་བྱེད་ཐབས་ཐོག་ནས་འདུམ་འགྲིག་ལ་སྐུལ་འདེད་གཏོང་བ། བརྩེ་བས་མི་སེམས་འགུལ་བ་དང་གནས་ལུགས་ཀྱིས་མི་སེམས་ཁུག་པར་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་བས་གྱོད་གཞི་ཐག་གཅོད་ལེགས་སྒྲུབ་བྱུང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྱོད་གཞི་དེ་ནི་ཉོ་ཚོང་གན་རྒྱའི་རྩོད་གཞི་ཞིག་ཡིན་ཞིང་། ཞུ་སྦྱོར་སྔ་མ་ཀུའོ་ཆེ་གེ་མོ(ཐུའུ་ཅ་རིགས)དང་ཞུ་སྦྱོར་ཕྱི་མ་ཀུན་ཆེ་གེ་མོ(བོད་རིགས)གཉིས་དབར་ཉོ་ཚོང་གན་རྒྱ་ལག་བསྟར་བྱེད་པའི་གནད་དོན་ཐད་རྩོད་གཞི་བྱུང་ནས་མཐར་ཁྲིམས་ཁང་ལ་ཞུ་གཏུག་བརྒྱབ་པ་རེད། བར་འདུམ་བྱས་ནས་གྱོད་ཐག་བཅད་ཀྱང་ཞུ་སྦྱོར་ཕྱི་མ་ཀུན་ཆེ་གེ་མོས་དུས་ཐོག་ཏུ་འོས་འགན་སྒྲུབ་མེད་པས། རེ་འདུན་ཞུ་མཁན་ཀུའོ་ཆེ་གེ་མོས་ཁྲིམས་ཁང་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་རེ་འདུན་ཞུས་པ་རེད།

    ལག་བསྟར་བྱེད་པའི་བརྒྱུད་རིམ་ནང་ལག་བསྟར་ཁྲིམས་དཔོན་གྱིས་ཕྱོགས་གཉིས་པོའི་དོ་བདག་ཚང་མ་མི་རིགས་མི་འདྲ་བ་ཡིན་པ་དང་རིག་གནས་དང་གོམས་སྲོལ་སོཌ་ཀྱི་ཐད་ཁྱད་པར་ངེས་ཅན་ཡོད་པ་ཤེས་རྟོགས་བྱུང་ཡོད། རྩོད་གཞི་ཐག་གཅོད་འོས་འཚམ་ཡོང་ཆེད། ལག་བསྟར་ཁྲིམས་དཔོན་གྱིས་ཕྱོགས་གཉིས་པོའི་དངོས་ཡོད་གནས་ཚུལ་དང་རེ་ཞུ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། མི་རིགས་ཁག་གི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་གང་ལེགས་བྱས་ཏེ། དོ་བདག་ལ་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་དོན་སྙིང་གསལ་འགྲེལ་བྱས་ཤིང་། ངང་རྒྱུད་རིང་ལ་ཞིབ་ཚགས་ངང་འདུམ་འགྲིག་བྱས་པ་བརྒྱུད་དོ་བདག་ཕྱོགས་གཉིས་པོའི་འགལ་ཟླ་རིམ་གྱིས་བསལ་ཏེ་གྲོས་མོལ་ཐོག་ནས་གནད་དོན་ཐག་གཅོད་བྱེད་འདོད་བྱུང་ཡོད། མཐར་ལག་བསྟར་ཁྲིམས་དཔོན་གྱི་གཙོ་སྐྱོང་འོག་དོ་བདག་ཕྱོགས་གཉིས་པོས་ལག་བསྟར་འདུམ་འགྲིག་གི་གྲོས་མཐུན་བཞག་པ་དང་། ལག་བསྟར་བྱ་ཡུལ་ཀུན་ཆེ་གེ་མོས་གྲོས་མཐུན་ལྟར་འོས་འགན་གང་མགྱོགས་སྒྲུབ་ཀྱི་ཡིན་ཞེས་བཤད་པ་དང་། རེ་འདུན་ཞུ་མཁན་གྱིས་ཀྱང་ལག་བསྟར་བྱ་ཡུལ་གྱི་རྣམ་འགྱུར་ལ་ཁས་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།