དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་སློབ་གྲྭར་དྲིལ་བསྒྲགས་དང་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    སློབ་ཆུང་སློབ་མས་མེ་ཟོན་ཤེས་བྱ་སྦྱོང་བཞིན་པ།

    སློབ་མས་མེ་ཟོན་ཡོ་ཆས་བེད་སྤྱོད་བྱེད་སྟངས་སྦྱོང་བཞིན་པ།

    མེ་གསོད་རླངས་འཁོར་ནས་ཆུ་གཏོར་སྟངས་ནང་སྦྱོང་བྱེད་བཞིན་པ།

    ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་མེ་སྐྱོན་སྔོན་འགོག་དང་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར་ཁྲེང་ཀོན་ཆུས“གངས་ལྗོངས་ཕུབ་སྔོན། མེ་ཟོན་དྲིལ་བསྒྲགས་སློབ་གསོའི་འཆད་ཁྲིད་ཚོགས་པའི་ཡན་ལག་རུ་ཁག”ཁྲེང་ཀོན་ཆུས་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་རྔ་ཆེན་ལྟེ་བའི་སློབ་ཆུང་གི་ཡན་ལག་སློབ་གྲྭའི་སློབ་ཆུང་བརྒྱད་པར་སློབ་གྲྭའི་མེ་ཟོན་ལས་དོན་དང་དེ་བཞིན་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་གསོ་སྦྱོང་ལས་དོན་ཧུར་ཐག་སྤེལ་བ་རེད།

    ད་ཐེངས་མེ་ཟོན་མེ་གསོད་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་། མེ་གསོད་ཡོ་ཆས་ལ་ཞིབ་བཤེར། དེའི་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་གསོ་སྦྱོང་ལས་དོན་བཅས་ལ་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི་དགེ་སློབ་ཚོ་ཧུར་ཐག་ཞུགས་པ་མ་ཟད། ད་དུང་ཁོང་ཚོའི་གདེང་འཇོག་ཡག་པོ་ཐོབ་ཡོད། རྔ་ཆེན་ལྟེ་བའི་སློབ་ཆུང་གི་ཡན་ལག་སློབ་གྲྭའི་སློབ་ཆུང་བརྒྱད་པའི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་བྱེད་སྒོ་བདེ་བླག་ངང་སྤེལ་བ་དེས་སློབ་གྲྭའི་དགེ་སློབ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་དང་རང་སྲུང་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་ཕྱིན་པ་མ་ཟད། བདེ་འཇགས་དང་། བརྟན་ལྷིང་། ཞི་མཐུན་བཅས་ཀྱི་སློབ་གྲྭའི་ཁོར་ཡུག་དེ་བས་གཏོད་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།