དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆུ་ཤུར་རྫོང་ཚལ་སྣེ་ཤང་གིས།

    སློབ་གྲྭར་བཅའ་ཁྲིམས་ཁྱབ་གདལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    འདི་ནི་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་གི་སློབ་གསོའི་ལས་དོན་པས་ཁྲིམས་འཛིན་སུའོ་ཡི་ལས་དོན་པ་དང་མཉམ་དུ་ཚལ་སྣེ་ཤང་སློབ་ཆུང་དུ་བསྐྱོད་དེ། སློབ་གྲྭའི་བརྙས་བཅོས་འགོག་ཟོན་གྱི་བཅའ་ཁྲིམས་ཁྱབ་གདལ་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། དགེ་སློབ་300ལྷག་ཙམ་ད་ཐེངས་ཀྱི་བྱེད་སྒོར་ཞུགས་པ་རེད།

    བྱེད་སྒོ་སྤེལ་རིང་། ཁྲིམས་འཛིན་སུའོ་ཡི་ལས་དོན་པས་དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་སློབ་གྲོགས་ཚོར་སློབ་གྲྭའི་བརྙས་བཅོས་བྱེད་ཚུལ་སྣ་ཚོགས་དང་། བཅའ་ཁྲིམས་ཀྱི་མཇུག་འབྲས། དེ་བཞིན་ཁ་གཏད་གཅོག་ཐབས་སོགས་ཀྱི་ཤེས་བྱ་གལ་ཆེན་དོན་ཟབ་གོ་སླའི་ཐོག་ནས་ཁྱབ་གདལ་བཏང་ཡོད། སློབ་མ་ཚོར་སློབ་གྲྭའི་བརྙས་བཅོས་ལ་བློ་ཁོག་ཆེན་པོས་ངོ་རྒོལ་བྱེད་པ་དང་བཅའ་ཁྲིམས་ཀྱི་ལག་ཆར་བརྟེན་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ། དུས་བདེ་ཞི་མཐུན་གྱི་སློབ་གྲྭའི་ཁོར་ཡུག་ཐུན་མོང་ཐོག་སྐྲུན་དགོས་པའི་སྐུལ་ལྕག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།