དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁང་དམར་རྫོང་སྤྱི་བདེ་ཅུས་ཀྱིས།

    “དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བའི”དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-15

    ཉེ་ཆར། ཁང་དམར་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱིས་བདེ་སྲུང་དང་། ཁྲིམས་ལུགས། འགྲིམ་འགྲུལ་ཉེན་རྟོག་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ། “དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་ཟླ་བ”གོ་སྐབས་སུ་བྱས་ནས“སྐལ་བཟང་མེ་ཏོག་རབ་ཏུ་བཞད། རྒྱང་ལམ་གསར་པར་བློ་སྒྲིལ་སེམས་སྐྱེད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བའི་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དུག་རྫས་གསར་པའི་རིགས་དང་དེ་སྦས་གསང་བྱེད་ཐབས་སོགས་ཀྱི་ཤེས་བྱ་ངོ་སྤྲོད་ཞིབ་ཕྲ་བྱས་ནས། མང་ཚོགས་ཀྱིས་དུག་རྫས་དང་རིང་དུ་གྱེས་པའི་བསམ་བློ་བརྟན་པོར་འཛུགས་པ་དང་དགེ་མཚན་ལྡན་པའི་མི་ཚེའི་རྣམ་འགྱུར་དང་བདེ་ཐང་གི་འཚོ་བར་རོལ་རྒྱུ་རྒྱུན་འཁྱོངས་བྱེད་པར་ཁྲིད་སྟོན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།